ལོ་སྟོད་དུ་ལྗོངས་ཡོངས་ཀྱི་ཤེས་བྱའི་བདག་དབང་གི་དམིགས་ཚད་གཙོ་བོའི་སྤུས་འབོར་གཉིས་ཀ་འཕར་བ།
ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ནས་ཤེས་རྟོགས་བྱུང་བར། 2025ལོའི་ལོ་སྟོད་དུ་བོད་ལྗོངས་ཀྱི་ཁེ་བེད་བདག་ཐོབ་དང་། ཚོང་རྟགས། ས་ཁམས་མཚོན་རྟགས་སོགས་དམིགས་ཚད་གཙོ་བོའི་སྤུས་འབོར་གཉིས་འཕར་བྱུང་ནས་སྤྱིར་ན་བརྟན་ཐོག་ཡར་འཕེལ་དང་ཡར་རྒྱས་ཁྲོད་སྤུས་ཚད་མཐོ་རུ་འགྲོ་བའི་རྣམ་པ་མངོན་ནས་གསར་གཏོད་ཀྱི་གསོན་ཤུགས་དང་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ལོ་སྟོད་བར་བོད་ལྗོངས་ཀྱིས་ཁེ་བེད་བདག་ཐོབ་རེ་ཞུ་བྱེད་ཚད་1129ཟིན་པ་དང་དབང་ཆ་ཐོབ་ཚད་826ཟིན་ཡོད། གསར་གཏོད་ཁེ་བེད་བདག་ཐོབ་ཀྱི་ནུས་པ་ལྡན་ཚད་1480ཟིན་པ་དེ་དུས་མཚུངས་ལས་12.46%འཕར་ནས་མི་ཁྲི་རེར་གསར་གཏོད་ཁེ་བེད་བདག་ཐོབ་ལྡན་ཚད་4ལས་བརྒལ་ཡོད། ནུས་ཐོན་ཐོ་འགོད་ཚོང་རྟགས་70714ཟིན་པ་དང་དུས་མཚུངས་ལས་10.65%འཕར་ནས་ཆ་སྙོམས་གཉེར་སྐྱོང་བྱེད་པོ་8རེར་ཐོ་འགོད་ཚོང་རྟགས་རེ་ཡོད་པར་ཚོང་རྟགས་དང་སྤུས་རྟགས་ལེགས་བསྡུས་ཐུབ་ཚད་མུ་མཐུད་འཕར་ཡོད། རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱིས་ཁས་ལེན་ཐོབ་པའི་ས་ཁམས་མཚོན་རྟགས་ཐོན་རྫས་23འཕར་བ་དང་། ས་ཁམས་མཚོན་རྟགས་ཐོན་རྫས་ཁྱོན་59ཟིན་པ་དེ་དུས་མཚུངས་ལས་63.89%འཕར་བ། ས་ཁམས་མཚོན་རྟགས་མཉམ་སྡེབ་དང་དཔང་ཡིག་ཚོང་རྟགས་ཁྱོན་150ཟིན་ནས་ས་ཁམས་མཚོན་རྟགས་ཀྱི་དམངས་ཕྱུག་ཕན་འབྲས་མྱུར་པོ་ཐོན་ཡོད།
འབྲེལ་ཡོད་གསར་འགྱུར།