དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལག་རྩལ་འགག་སྒྲོལ་ལས་ལ་འབད། ས་མཐོར་ལྷད་མེད་བརྩེ་སེམས་བཅངས།

    ཁག་བརྒྱད་པའི་ཁྲུང་ཆིང་གྲོང་ཁྱེར་གྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་གི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-08-03

    2024ལོའི་ཟླ་7པར་ཁག་བརྒྱད་པའི་ཁྲུང་ཆིང་གྲོང་ཁྱེར་གྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་གིས་གངས་ལྗོངས་ས་མཐོའི་སྤུན་ཟླ་ཚོར་ལྷད་མེད་ཀྱི་བརྩེ་སེམས་དང་སྨན་པའི་འགན་འཁྲི་འཁུར་སེམས་བཅངས་ཏེ། ས་མཐོར་ཡོང་ནས་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་དུས་ཡུན་ལོ་གཅིག་གི་རོགས་སྐྱོར་བྱེད་འགོ་བརྩམས།

    བོད་སྐྱོར་ལམ་བུར་བསྐྱོད་པའི་རྐང་རྗེས་རེ་རེ་ནི་འགན་འཁྲི་ཕྲག་ཏུ་འཁུར་བའི་རྐང་རྗེས་རེ་རེ་རེད། ཁྲུང་ཆིང་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་པོའི་སྙིང་ནད་ཚན་ཁག་གི་སྨན་པ་ཤང་རུའེ་ནི་དེའི་ཁྲོད་ཀྱི་བློ་བརྟན་འགྱུར་མེད་ངང་འགན་འཁྲི་ལག་ལེན་བསྟར་མཁན་ཞིག་རེད། ཆབ་མདོར་འབྱོར་མ་ཐག་ཁོང་དང་ལས་རོགས་ཚོས་ཛ་དྲག་ཆེ་ལ་འགྲན་སློང་གིས་ཁེངས་པའི་ལས་དོན་དེའི་ནང་འཕྲལ་དུ་ཞུགས་པ་རེད།

    ཤང་རུའེ་ཡི་ཚོགས་པའི་ཚད་བརྒལ་ནི་ཁག་བརྒྱད་པའི་ཁྲུང་ཆིང་གྲོང་ཁྱེར་གྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་གི་ལོ་གཅིག་རིང་དཀའ་སྤྱད་ལས་དོན་བསྒྲུབས་པའི་བསྡུས་རིས་ཙམ་ཞིག་རེད། རུ་མི་ཡོངས་ཀྱི་ཐུན་མོང་འབད་བརྩོན་འོག་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་གློ་བའི་འཕར་རྩའི་གཤགས་བཅོས་སོགས་ཚུད་པའི་རང་སྐྱོང་ལྗོངས་སམ་ཡང་ན་བོད་ཤར་རྒྱུད་ཆབ་མདོར་བྱེད་ཐེངས་དང་པོ་ཡིན་པའི་གཤགས་བཅོས་ཁག་48ལེགས་སྒྲུབ་བྱས་ཡོད། ལག་རྩལ་གསར་པ་དེ་དག་གིས་སྨན་ཁང་གི་སྨན་བཅོས་ནུས་པ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཏེ་ནད་པར་དེ་བས་གནད་སྨིན་དང་ནུས་ལྡན་གྱི་སྨན་བཅོས་ཇུས་གཞི་མཁོ་འདོན་བྱས་ཡོད།

    ལོ་གཅིག་གི་བོད་སྐྱོར་ལས་དོན་ལ་ཕྱིར་དྲན་བྱེད་སྐབས། ཤང་རུའེ་ལ་མྱོང་ཚོར་ཟབ་མོ་བྱུང་ཞིང་། ཁོང་གིས“ལོ་གཅིག་རིང་གི་བོད་སྐྱོར་ནི་ང་ཚོའི་ངོས་ནས་བརྗོད་ན། ལེགས་སྐྱེལ་འབུལ་བའི་ལོ་གཅིག་ཡིན་ལ། འཚར་ལོངས་བྱུང་བའི་ལོ་གཅིག་དེ་བས་ཀྱང་རེད། ང་ཚོས་ལག་རྩལ་གྱི་སྟོང་ཆ་བསྐངས་ཏེ་བརྩེ་བ་ཟབ་མོ་ས་མཐོར་བཅངས་ནས་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་ལ‘ནད་ཆེན་སྨན་ཁང་གཞན་ལ་བཅོས་པར་འགྲོ་དགོས་པ’ནས‘ནད་ཆེན་བོད་དུ་བཅོས་ཐུབ་པའི’བར་གྱི་འགྱུར་ལྡོག་བྱུང་བ་མིག་མཐོང་ལག་ཟིན་བྱུང”ཞེས་བརྗོད།

    ཁྲུང་ཆིང་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་ཡུང་ཁྲོན་སྨན་ཁང་གི་ཡེ་ལེ་ཡིས། “2025ལོའི་ཟླ་བ་4པར་ང་ཚོས‘སྨན་བཅོས་ལག་ཁྱེར’གྱི་དོ་དམ་བྱེད་སྟངས་ཏེ། ‘ཁ་ལོ་བའི་ལག་ཁྱེར་ལྟ་བུའི་སྐར་གསོག’དོ་དམ་མ་ལག་གསར་གཏོད་བྱས་ཡོད། དེ་ཡང་ཁ་ལོ་བའི་ལག་ཁྱེར་གྱི་སྐར་མ་འཐེན་གསོག་གི་བསམ་ཕྱོགས་ལ་བརྟེན་ནས་སྨན་དོན་པར་དོ་དམ་བྱས་ཡོད། འདི་ནི་བོད་རང་སྐྱོང་ལྗོངས་སུ་ཐོག་མ་རེད”ཅེས་བརྗོད།

    གཞན་ཡང་། ཡེ་ལེ་ཡིས་ད་དུང་སྨན་བཅོས་ཀྱི་སྤུས་ཚད་ཞིབ་དཔྱད་མ་ལག་ཕྱོགས་ཡོངས་ནས་སྒྱུར་བཅོས་བྱེད་པའི་འགན་འཁུར་ཞིང་། ཁོང་གིས་སྨན་ཁང་གི་སྤུད་ཚད་དོ་དམ་དང་ཚོད་འཛིན་གཞུང་ལས་ཁང་ལ་གཞོགས་འདེགས་དམ་ཟབ་བྱས་ཏེ། སྤུས་ཚད་དཔྱད་ཞིབ་མ་ལག་ཆ་ཚང་ཞིག་བཙུགས་པ་དང《སྨན་བཅོས་སྤུས་ཚད་ཀྱི་ལས་རྗེས་དཔྱད་ཞིབ་ལམ་ལུགས》ཞིབ་ཚགས་བཟོས་ཏེ། དོ་དམ་དམིགས་ཚད་ཅན་དང་ཞིབ་ཚགས་ཅན་ཡོང་བར་སྐུལ་འདེད་བཏང་བ་དང་། དེང་རབས་ཅན་གྱི་སྨན་ཁང་དོ་དམ་བྱེད་སྟངས་དང་འབྲེལ་མཐུད་ཐུབ་པར་བྱས་ཡོད། ཁོང་གིས་ད་དུང་སྨན་ཁང་གི“ཀ་པ་རིམ་པ་གསུམ་པའི་བསྐྱར་ཞིབ”ཀྱི་ལས་དོན་ལ་ཧུར་ཐག་ཞུགས་ཏེ། རིགས་ཁག་གི་དོ་དམ་ལམ་ལུགས་དང་བརྒྱུད་རིམ་ཁག་200ལྷག་ཙམ་ཕྱོགས་ཡོངས་ནས་གསེད་བཀྲོལ་དང་གསར་བརྗེས་བྱས་ཡོད།

    དེ་དང་ཆབས་ཅིག ཁྲུང་ཆིང་གྲོང་ཁྱེར་གྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་ཁག་བརྒྱད་པས་རྒྱུན་གཏན་ཅན་གྱི་རིག་ཚན་མང་བའི་སྨན་བཅོས་ལ་སྐུལ་འདེད་བཏང་ནས། ཆེད་ལས་མི་འདྲ་བའི་སྨན་པའི་དབར་མཉམ་ལས་གཞོགས་འདེགས་བྱས་ཏེ་ནད་པར་དེ་བས་ཕྱོགས་ཡོངས་དང་གནད་སྨིན་གྱི་སྨན་བཅོས་ཇུས་གཞི་བཟོས་པས། ནད་པ་དྲག་སྐྱེད་མགྱོགས་པོ་བྱུང་ཡོད།

    ཐེམ་ཁུངས་ཆབ་མདོ་ནས་ཡིན་པའི་ལས་བྱེད་པ་དོན་གྲུབ་ཀྱིས་མྱོང་ཚོར་ཟབ་མོས། “ད་ལོ་ང་ཁྲུང་ཆིང་དུ་འཁོར་ཞག་ལ་འགྲོ་དུས་གཟུགས་པོར་བསྐྱར་དུ་བརྟག་དཔྱད་ཅིག་བྱེད་དགོས་སྙམ་ཡང་། དེ་གོང་གི་བརྟག་དཔྱད་བྱས་པའི་དཔྱད་གཞི་འཁྱེར་མེད་པས། ཇི་ལྟར་བྱེད་དགོས་མིན་མ་ཤེས་པའི་སྐབས་སུ། ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་དང་ཁྲུང་ཆིང་གྲོང་ཁྱེར་ཀ་པ་རིམ་པ་གསུམ་པའི་སྨན་ཁང་མཉམ་སྐྲུན་གྱི་རྒྱང་བསྟེན་མཉམ་སྤྱོད་ལས་སྟེགས་ནས་དེ་གོང་བརྟག་དཔྱད་བྱས་པའི་དཔྱད་གཞི་ཚང་མ་མཁོ་འདོན་བྱས་བྱུང་བས། བརྟག་དཔྱད་ཀྱི་སྨན་རིན་མང་པོ་ཞིག་གྲོན་ཆུང་ཐུབ་སོང”ཞེས་བརྗོད།

    ལོ་གཅིག་གི་བོད་སྐྱོར་དུས་ཚོད་ཡུད་ཙམ་ཞིག་ལ་འདས་ཟིན་ཡང་། ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཁྲུང་ཆིང་གྲོང་ཁྱེར་གྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་མི་19ཡིས་རྩེར་སོན་གྱི་སྨན་བཅོས་ལག་རྩལ་དང་། འདུ་ཤེས་གསར་ཤོས། སྒེར་སེམས་མེད་པའི་ལེགས་སྐྱེས་བཅས་ལ་བརྟེན་ནས་ཆབ་མདོའི་སྨན་བཅོས་འཕོ་འགྱུར་གྱི་ལས་དོན་ལེགས་པར་བསྒྲུབས་ཏེ་ས་གནས་དེ་གའི་སྨན་བཅོས་བྱ་གཞག་ལ་འཕེལ་རྒྱས་ཀྱི་ལམ་བུ་ཡག་པོ་ཞིག་བཏིངས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།