དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཤང་ཀང་དུ་བཅའ་སྡོད་དཔུང་སྡེས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུཌ་ནས་ལོ་ངོ་98འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-02

    ཤིན་ཧྭ་གསར་འགྱུར་ཁང་ཤང་ཀང་ནས་ཟླ་7ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་30ཉིན་གྱི་དགོང་མོར། ཤང་ཀང་དུ་བཅའ་སྡོད་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དཔུང་སྡེས་ཨང་ཁྲོན་ཀྲོའུ་དམག་སྒར་དུ་སྣེ་ལེན་ཚོགས་འདུ་འཚོགས་ཏེ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་98འཁོར་བར་རྟེན་འབྲེལ་ཞུས་པ་རེད། བྱེད་སྒོ་ཧྲིལ་པོ་སྟབས་བསྡུས་ཤིང་བབ་ཆགས་པ་དང་དམག་མིའི་ཉམས་འགྱུར་ཟབ་མོ་ལྡན་པས། མེས་རྒྱལ་དང་། ཤང་ཀང་། བཅའ་སྡོད་དམག་དཔུང་བཅས་ལ་དགའ་ཞེན་ཆེ་བའི་དྲང་ནུས་ཆེན་པོ་སྔར་བས་གཅིག་ཏུ་འདུས་ཡོད།

    ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་དང་། ཤང་ཀང་དུ་བཅའ་སྡོད་ཀྲུང་དབྱང་སྲིད་གཞུང་འབྲེལ་གཏུག་གཞུང་དོན་ཁང་གི་ཀྲུའུ་རེན་ཀྲོའུ་ཅི། ཤང་ཀང་དུ་བཅའ་སྡོད་རྒྱལ་ཁབ་བདེ་འཇཌ་ཀུང་ཧྲུའུ་ཡི་ཧྲུའུ་ཀྲང་ཏུང་ཅིང་ཝེ། ཤང་ཀང་དུ་བཅའ་སྡོད་ཕྱི་འབྲེལ་པུའི་ཀུང་ཧྲུའུ་ཡི་ཆེད་མངག་པ་ཚུའེ་ཅན་ཁྲུན། ཤང་ཀང་དུ་བཅའ་སྡོད་དཔུང་སྡེའི་སི་ལིང་ཡོན་ཕེང་ཅིང་ཐང་དང་ཆབ་སྲིད་ཨུ་ཡོན་ལའེ་རུའུ་ཤིན་བཅས་དང་དེ་བཞིན་ཤང་ཀང་སྤྱི་ཚོགས་ལས་རིགས་ཁག་གི་འཐུས་མི་དང་། ཏུང་ཅང་ཙུང་ཏུའེ་ཀང་ཅིའུ་རང་ཚུགས་རུ་ཆེན་གྱི་འཐབ་འཛིང་པ་རྒན་གྲས་དང་གཉེན་ཉེའི་འཐུས་མི། བཅའ་སྡོད་དམག་དཔུང་གི་བྱས་རྗེས་གཟི་བརྗིད་གཟེངས་བསྟོད་ཐོབ་མཁན་དཔོན་དམག་གི་འཐུས་མི་སོགས་མི་400ཙམ་སྣེ་ལེན་ཚོགས་འདུར་ཞུགས་པ་རེད།

    ཕེང་ཅིང་ཐང་གིས་ཤིས་ཚིག་སྒྲོན་སྐབས། ལོ་98རིང་། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག མི་དམངས་དམག་དཔུང་གིས་དམག་འཁྲུག་གི་མེ་ལྕེའི་ཁྲོད་དཀའ་ངལ་ཁྱད་བསད་དང་བློས་གཏོང་ཆེན་པོ་བྱས་ཏེ་འོད་སྟོང་འཕྲོ་བའི་རྒྱལ་ཁ་རེ་རེ་བཞིན་བླངས་ནས། ཏང་དང་མི་དམངས་ལ་ལོ་རྒྱུས་ཀྱི་བྱས་རྗེས་རླབས་པོ་ཆེ་བཞག་ཡོད། འདི་ལོ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་ལོ་ཞིག་ཡིན་ཞིང་། ལོ་80ཡི་གོང་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་ཏུང་ཅང་ཙུང་ཏུའེ་ཀང་ཅིའུ་རང་ཚུགས་རུ་ཆེན་གྱིས་རི་པིན་བཙན་འཛུལ་བ་དང་དུས་ཡུན་ལོ་གསུམ་དང་ཟླ་བ་བརྒྱད་རིང་གི་དཀའ་ཚེགས་ཆེ་བའི་དམག་འཐབ་བྱས་ཏེ། ཤང་ཀང་སྲུང་སྐྱོབ་བྱེད་པ་དང་། རི་པིན་བཙན་འཛུལ་པར་རྡུང་རྡེག་གཏོང་བ། འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་བླངས་པ་བཅས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་བརྗོད་པ་རེད།

    ཕེང་ཅིང་ཐང་གིས། མི་དམངས་དམག་དཔུང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཤང་ཀང་དུ་བཅའ་སྡོད་དཔུང་སྡེས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་གྱི་རྒྱུན་མཐུད་པ་དང་། ཆབ་སྲིད་བཅོས་སྒྲིག་སྦྱོང་བརྡར་བྱེད་ཟབ་ཏུ་གཏོང་བ། སྟོབས་ཤུགས་གཅིག་སྡུད་ཀྱིས་དམག་སྦྱོང་དམག་གྲབས་བྱེད་པ། འགྱུར་མེད་སྤྱོད་ཚུལ་ལ་ཞུན་བརྡར་བཅས་མཐའ་འཁྱོངས་བྱས་ཏེ། ཤང་ཀང་གི་ཡུན་རིང་དར་རྒྱས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་བླ་ན་མེད་པའི་འགན་འཁྲི་ལྷག་བསམ་རྣམ་དག་གིས་བསྒྲུབས་ནས“མཚོ་རྟེན་ཀ་བའི”ནུས་པ་གལ་ཆེན་བཏོན་པས། རྒྱ་ཆེའི་ཤང་ཀང་སྤུན་ཟླ་ཚོའི་ཚད་མཐོའི་བསྔགས་བརྗོད་ཐོབ་ཡོད་ཅེས་བརྗོད་པ་རེད།

    དེ་རྗེས་ཤང་ཀང་དུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་གིས་སྐུ་མགྲོན་རྣམས་ལ་རིག་རྩལ་འཁྲབ་སྟོན་བྱས་ཤིང་། ལེ་ཚན་དག་ལས་བཅའ་སྡོད་དཔུང་སྡེའི་དཔོན་དམག་གིས་ཏང་གི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་པ་དང་། དམག་སྦྱོང་དང་དམག་གྲབས་ཏན་ཏིག་བྱེད་པ། སྟོབས་ཤུགས་གཅིག་སྒྲིལ་གྱིས་འགག་སྒྲོལ་བྱེད་པ་དང་རྩེ་གྲ་གཏོད་པ་བཅས་ཀྱི་ཡིད་ཆེས་དང་འགན་འཁྲི་ཁུར་སེམས་མངོན་ཡོད། ཚོགས་ར་ཡོངས་ཀྱི་མི་སྣས《མེས་རྒྱལ་ལ་བསྟོད་གླུ་ལེན》ཞེས་པའི་གླུ་གཞས་མཉམ་དུ་ལེན་པའི་སྤྲོ་སེམས་འཁོལ་བའི་རྣམ་པའི་ཁྲོད་སྣེ་ལེན་ཚོགས་འདུ་ཕུན་སུམ་ཚོགས་པའི་ངང་མཇུག་འགྲིལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།