དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2025ལོའི་དགོངས་པ་གསར་པའི་འབྱུང་ཁུངས་གླེང་སྟེགས་ཧང་ཀྲོའུ་རུ་འཚོགས་པ།

    ལི་ཧྲུའུ་ལེ་ཚོགས་འདུར་ཞུགས་ནས་ཤིས་ཚིག་བསྒྲོན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-02

    ཤིན་ཧྭ་གསར་འགྱུར་ཁང་ཧང་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། 2025ལོའི་དགོངས་པ་གསར་པའི་འབྱུང་ཁུངས་གླེང་སྟེགས་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལི་ཧྲུའུ་ལེ་ཚོགས་འདུར་ཞུགས་ནས་ཤིས་ཚིག་བསྒྲོན་པ་རེད།

    ཚོགས་ཞུགས་སྐུ་མགྲོན་ཚོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲེ་ཅང་དུ་ཕྱག་ལས་གནང་རིང་རིག་གནས་ཞིང་ཆེན་ཆེན་པོ་གང་མགྱོགས་བསྐྲུན་རྒྱུ་དེ“བརྒྱད་བརྒྱད་འཐབ་ཇུས”ནང་བཅུག་ནས་རིག་གནས་འཛུགས་སྐྲུན་གྱི“འདུ་འགོད་བརྒྱད”འཆར་འགོད་ལག་བསྟར་བྱས་ཏེ། ཀྲེ་ཅང་གི་རིག་གནས་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་སྣེ་ཁྲིད་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲེ་ཅང་དུ་ཕྱག་ལས་གནང་སྐབས་ཀྱི་རིག་གནས་ཀྱི་འདུ་ཤེས་དང་ལག་ལེན་ལས་རིག་གནས་ཀྱི་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་ཏུ་ཕྱིན་པ་དང་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་ལོ་རྒྱུས་ཀྱི་བརྒྱུད་རིམ་མཚོན་ནས། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་གྲུབ་པར་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་དང་ལག་ལེན་གྱི་ཐོག་མའི་དཔྱད་གཞི་མཁོ་འདོན་བྱས་ཡོད། རྒྱང་ལམ་གསར་པར། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་ལེན་སྔར་བས་གཏིང་ཟབ་བྱས་ཏེ། རིག་གནས་དར་རྒྱས་ཡོང་བ་དང་རིག་གནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་བརྗོད་པ་རེད།

    ཚོགས་ཞུགས་སྐུ་མགྲོན་ཚོས། རིག་གནས་ཀྱི་རང་རྟོགས་ཆེ་རུ་བཏང་སྟེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། དྲ་སྦྲེལ་དུས་རབས་ཀྱི་གཙོ་རྒྱུན་རིན་ཐང་དང་། གཙོ་རྒྱུན་གླེང་ཕྱོགས། གཙོ་རྒྱུན་རིག་གནས་བཅས་སྲ་བརྟན་དང་སྟོབས་ཆེར་བཏང་ཐོག རིག་གནས་ཤེས་དཔལ་གྱི་སྟོབས་ཤུགས་ལ་བརྟེན་ནས་ཀྲུང་གོའི་གཟུགས་བརྙན་དེ་བས་ལེགས་པའི་ངང་མངོན་པར་བྱེད་དགོས། རིག་གནས་ཀྱི་ཆོས་ཉིད་ལ་བརྩི་སྲུང་དང་། ཏང་གི་རིག་གནས་ཀྱི་འགོ་ཁྲིད་དབང་ཆ་མཐའ་འཁྱོངས། ཆུ་ཚད་མཐོ་བའི་རིག་གནས་ཤེས་ལྡན་པ་གསོ་སྐྱོང་། ལོ་རྒྱུས་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་མཆོག་ནོར་སྲུང་སྐྱོང་ཡག་པོ་བྱེད་དགོས། རིག་གནས་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རིག་གནས་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ། ཀྲུང་གོའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་རང་བདག་ཤེས་བྱའི་མ་ལག་གང་མགྱོགས་འཛུགས་པ། སྤྱི་དམངས་ཀྱི་རིག་རྩལ་གསར་པ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ང་ཚོའི་དུས་རབས་འདིར་དབང་བའི་རིག་གནས་གསར་པ་གསར་གཏོད་ཧུར་ཐག་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།