དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་ཞིང་ལས་པུའུ་ཀྲང་གི་ཚོགས་འདུ་སྐབས་བཅུ་པ་འཚོགས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-02

    ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་ཞིང་ལས་པུའུ་ཀྲང་གི་ཚོགས་འདུ་སྐབས་བཅུ་པ་ཡུན་ནན་ཁུན་མིང་དུ་འཚོགས་ཤིང་། ཚོགས་འདུས“ཞིང་ལས་སྲིད་ཇུས་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་སྟེ་དེ་བས་དམ་ཟབ་དང་མཛེས་སྡུག་ལྡན་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཞིང་ལས་མཉམ་ལས་ཁྱིམ་ཚང་ཆེན་པོ་འཛུགས་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་གྲོང་གསེབ་འཕེལ་རྒྱས་དང་། དབུལ་པོ་ཉུང་གཏོང་གི་མཉམ་ལས། ཚན་རྩལ་སྤེལ་རེས་སོགས་ལ་དམིགས་ཏེ་ཞིབ་འཇུག་དང་གྲོས་བསྡུར་བྱས་པ་རེད།

    ཞིང་ལས་གྲོང་གསེབ་པུའི་པུའུ་ཀྲང་ཧན་ཅུན་གྱིས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་ཞིང་ལས་པུའུ་ཀྲང་གི་ཚོགས་འདུའི་ལམ་སྲོལ་བཙུགས་ནས་ལོ་15སོང་རིང་། ཞིང་ལས་མཉམ་ལས་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་། ཚན་རྩལ་སྤེལ་རེས་ཐད་གྲུབ་འབྲས་མང་པོ་ཐོབ་པ། ཞིང་ལས་ཐོན་རྫས་ཉོ་ཚོང་མགྱོགས་མྱུར་འཕར་བ། མ་འཇོག་མཉམ་ལས་ཉིན་རེ་བཞིན་བྱེད་མང་དུ་ཕྱིན་པ་བཅས་ཞིང་ལས་ཀྱི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་བའི་རྨང་གཞི་བརྟན་པ་དང་མདུན་ལམ་ཡངས་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁོངས་མིའི་རྒྱལ་ཁབ་ཁག་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཞིང་ལས་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔར་བས་འདོན་སྤེལ་བྱས་ནས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཞིང་ལས་མཉམ་ལས་ཀྱི་ལེའུ་གསར་པ་ཐུན་མོང་ཐོག་རྩོམ་འདོད་ཡོད་ཅེས་བརྗོད་པ་རེད།

    ཚོགས་ཞུགས་ཕྱོགས་ཁག་གིས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཞིང་ལས་པུའུ་ཀྲང་གི་ཚོགས་འདུའི་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་ནས་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་བརྒྱུད། ས་ཁོངས་ཀྱི་དེང་རབས་ཞིང་ལས་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད། ཚོགས་འདུའི་ཐོག་ད་དུང《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་ཞིང་ལས་པུའུ་ཀྲང་ཚོགས་འདུ་སྐབས་བཅུ་པའི་མཉམ་འབྲེལ་གསལ་བསྒྲགས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།