མ་ལེ་ཞི་ཡའི་དཔོན་རིགས་ཀྱིས་བརྗོད་དོན།
མ་ལེ་ཞི་ཡ་དང་ཀྲུང་གོའི་དབར་ལུས་རྩལ་དང་གཞོན་ནུའི་སྤེལ་རེས་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།
ཤིན་ཧྭ་གསར་འགྱུར་ཁང་མ་ལེ་ཞི་ཡའི་གྲོང་ཁྱེར་ཀེ་ཏ་ཅི་ནཱ་པ་ལུའུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མ་ལེ་ཞི་ཡའི་གཞོན་ནུ་དང་ལུས་རྩལ་པུའུ་ཡི་པུའུ་ཀྲང་དབྱང་ཆའོ་ཧྲོང་གིས་མ་ལེ་ཞི་ཡའི་ཧྲ་པ་ཀྲོའུ་ཡི་ལྟེ་བའི་གྲོང་ཁྱེར་ཀེ་ཏ་ཅི་ནཱ་པ་ལུའུ་རུ་མ་ལེ་ཞི་ཡས་ལུས་རྩལ་དང་གཞོན་ནུའི་ཁྱབ་ཁོངས་ཐད་ཀྲུང་གོ་དང་སྤེལ་རེས་མཉམ་ལས་ལ་དགའ་བསུ་ཞུ་རྒྱུ་མ་ཟད། མི་ཆོས་རིག་གནས་ཀྱི་སྤེལ་རེས་གཏིང་ཟབ་བརྒྱུད། མ་ལེ་ཞི་ཡ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བརྗོད།
དབྱང་ཆའོ་ཧྲོང་གིས་ཉིན་དེར་གྲོང་ཁྱེར་ཀེ་ཏ་ཅི་ནཱ་པ་ལུའུ་རུ་འཚོགས་པའི“2025ལོའི་མ་ལེ་ཞི་ཡ་དང་ཀྲུང་གོའི་མཛའ་གྲོགས་རྒྱུག་ཤར”ཞེས་པའི་བྱེད་སྒོར་ཞུགས་ནས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས། དུས་ཡུན་རིང་པོའི་ནང་། ལུས་རྩལ་ཁྱབ་ཁོངས་ཐད་ཀྲུང་གོ་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་ལ་སླེབས་པས། ཨེ་ཤེ་ཡ་དང་ཐ་ན་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་རར་གནས་བབ་གལ་ཆེན་བཟུང་ཡོད། མ་ལེ་ཞི་ཡ་དང་ཀྲུང་གོས་རྩལ་ཁྲིད་དགེ་རྒན་དང་སྦྱོང་བརྡར་ཐོན་ཁུངས་ཐད་མུ་མཐུད་མཉམ་ལས་ཧུར་ཐག་བྱས་ཏེ། མ་ལེ་ཞི་ཡའི་ལུས་རྩལ་པ་ཀྲུང་གོར་ཡོང་ནས་ཆུ་མཆོང་དང་དྲག་རྩལ་སོགས་ཀྱི་རྣམ་གྲངས་ཆེད་མངགས་ནང་སྦྱོང་བྱས་ཏེ“མཉམ་ལས་འདིའི་རིགས་མུ་མཐུད་བྱ་རྒྱུར་ང་ཚོས་རེ་བ་བྱེད་ཀྱི་ཡོད”ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།