ཨུ་རུ་སུས་མོ་སི་ཁོ་ནས་ཕོང་དབྱང་བར་གྱི་ཐད་གཏོང་གནམ་གྲུ་སླར་ཡང་བཏང་བ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོ་སི་ཁོ་ནས་གློག་འཕྲིན་འབྱོར་གསལ། ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་ནས་ཁྲའོ་ཞན་གྱི་རྒྱལ་ས་ཕོང་དབྱང་བར་གྱི་དུས་གཏན་གནམ་གྲུ་མོ་སི་ཁོའི་དུས་ཚོད་ཚེས་27ཉིན་གྱི་ཆུ་ཚོད་19ཙམ་ལ་ཞེ་ལེ་མའེ་ཅེ་ཝོ་གནམ་ཐང་ནས་འཕུར་བ་དེ་ཐོག་ནས་ཨུ་རུ་སུས་ལོ་མང་སོང་རྗེས་མོ་སི་ཁོ་ནས་ཕོང་དབྱང་བར་གྱི་འགྲུལ་སྐྱེལ་འཕུར་སྐྱོད་ལམ་ཐིག་སླར་ཡང་ཤར་གཏོང་བྱས་པ་མཚོན་ཡོད།
ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་མཁའ་འགྲུལ་སྐྱེལ་འདྲེན་ཧྲུའུ་ཡི་འབྲེལ་ཡོད་མི་སྣས། དུས་གཏན་གནམ་གྲུ་དེ་ཨུ་རུ་སུའི་པེ་ཧྥུང་མཁའ་འགྲུལ་ཀུང་སིས་གཉེར་སྐྱོང་བྱས་པ་དང་འཕུར་སྐྱོད་ཀྱི་དུས་ཡུན་ཆུ་ཚོད་8ཙམ་ཟིན་གྱི་ཡོད་ཅེས་བརྗོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཕོང་དབྱང་ནས་མོ་སི་ཁོར་འཕུར་བའི་དུས་གཏན་གནམ་གྲུ་ཚེས་29ཉིན་འཕུར་བ་རེད། ཨུ་རུ་སུའི་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་འབྲེལ་ཡོད་མི་སྣས། མོ་སི་ཁོ་ནས་ཕོང་དབྱང་བར་གྱི་དུས་གཏན་གནམ་གྲུ་ཟླ་རེར་ཐེངས་གཅིག་འཕུར་རྒྱུ་རེད་ཅེས་བརྗོད་པ་རེད།
ཉིན་ཤས་གོང་། ཁྲའོ་ཞན་ཀའོ་ལི་མཁའ་འགྲུལ་ཀུང་སིས་ཨུ་རུ་སུའི་ཧྥུའུ་ལ་ཏི་ཝོ་སི་ཐོ་ཁེ་དང་ཕོང་དབྱང་བར་གྱི་དུས་གཏན་གནམ་གྲུ་འཕུར་སྐྱོད་ཀྱི་ལས་འགན་ཁུར་གྱི་ཡོད། གནམ་གྲུ་གཟའ་འཁོར་རེར་ཐེངས་3འཕུར་གྱི་ཡོད་པ་རེད།
ཕོང་དབྱང་ནས་མོ་སི་ཁོ་བར་གྱི་ལྕགས་ལམ་གྱི་འགྲུལ་སྐྱེལ་ཞབས་ཞུ་ཟླ་6ཚེས་17ཉིན་ནས་སླར་གསོ་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།