དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་མཚོ་ཤར་གྱིས་ས་མཐོའི་ལུས་གསོའི་ཐོན་ལས་འཕེལ་རྒྱས་བརྟན་པོ་བཏང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-02

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། ས་མཐོའི་ལུས་གསོའི་གླེང་སྟེགས་སྐབས་གཉིས་པ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དགོན་ལུང་རྫོང་དུ་གཉེར་འགོ་ཚུགས་པ་རེད། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཝུའུ་ཐེན་དབྱི་དང་ཨ་རིའི་གསོ་རིག་ཚན་རིག་ཁང་གི་རྒྱལ་སྤྱིའི་ཡོན་ཧྲི་ལི་ཅན་ཨན་སོགས་རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེ་མོ་བ་ཚོས་ས་མཐོའི་ལུས་གསོའི་ཐོན་ཁུངས་གསར་སྤེལ་དང་ཀྲུང་ལུགས་གསོ་རིག་དང་ས་མཐོའི་ལུས་གསོ་མཉམ་འདྲེས་གཏིང་ཟབ་སོགས་ལ་དམིགས་ནས་རིག་གཞུང་བགྲོ་གླེང་བྱས་པ་རེད། དེ་དང་ཆབས་ཅིག་ས་མཐོའི་ལུས་གསོའི་བྱིས་པའི་དབྱར་སྒར་དང་དར་མའི་སྦྱོང་བརྡར་སྒར་ཐེངས་དང་པོ་བདེ་བླག་ངང་གཉེར་འགོ་ཚུགས་པ་དེ་ཐོག་ནས་མཚོ་ཤར་གྲོང་ཁྱེར་གྱི་ས་མཐོའི་ལུས་གསོའི་བྱ་གཞག་ཐད་གོམ་པ་བརྟན་པོ་སྤོས་པ་མཚོན་གྱི་ཡོད།

    ཉེ་བའི་ལོ་ཤས་རིང་། མཚོ་ཤར་གྲོང་ཁྱེར་གྱིས་ས་མཐོའི་ལུས་གསོའི་ཐོན་ལས་ཁྱབ་ཁོངས་ཐད་སྔོན་ལ་ཚོད་ལྟ་བྱས་ཏེ་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།