དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་པ།

    ཚན་པ་2དང་མི་སྒེར་5ལ་བྱས་རྗེས་ཐོ་འགོད་གནང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-02

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་དེ་ཚན་པ་2དང་མི་སྒེར་5ལ་བྱས་རྗེས་ཐོ་འགོད་གནང་བ་རེད།

    ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དཔུང་སྡེ་63920ཡི་ཁང་གཉིས་པར་བྱས་རྗེས་རིམ་པ་དང་པོ་དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དཔུང་སྡེ་92853ཡི་ཏིང་དབྱང་ལ་རྒྱལ་སྲུང་ཚན་རྩལ་གྱི་བྱས་རྗེས་རིམ་པ་དང་པོ་ཐོ་འགོད་གནང་བ་རེད།

    ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དཔུང་སྡེ་96712ལ་བྱས་རྗེས་རིམ་པ་གཉིས་པ་ཐོ་འགོད་གནང་བ་རེད།

    དེ་སྔའི་སྐམ་དམག་ཁྲབ་ལྡན་དམག་དཔུང་སློབ་གླིང་གི་ཝང་ཧའེ་ཏོའོ་དང་། སྐམ་དམག་དམག་དོན་གསོ་རིག་སློབ་ཆེན་གྱི་ཀའོ་ཡུས་ཆི། མཚོ་དམག་བཟོ་སྐྲུན་སློབ་ཆེན་གྱི་དབྱང་ཙི་ཁྲུན། དམག་དོན་ཚན་རིག་ཁང་དམག་དོན་གསོ་རིག་ཞིབ་འཇུག་ཁང་གི་ཁྲེན་ཝེ་བཅས་ལ་རྒྱལ་སྲུང་ཚན་རྩལ་གྱི་བྱས་རྗེས་རིམ་པ་གསུམ་པ་སོ་སོར་ཐོ་འགོད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།