དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་གནང་བ།

    དམག་དོན་མཁའ་སྐྱོད་དཔུང་སྡེ་དང་། དྲ་རྒྱའི་བར་མཐོངས་དཔུང་སྡེ། ཆ་འཕྲིན་རོགས་སྐྱོར་དཔུང་སྡེ། མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་དཔུང་སྡེ་བཅས་ཀྱི་དམག་དར་གྱི་བཟོ་དབྱིབས་ཁྱབ་བསྒྲགས་གནང་བ།

    བརྒྱད་གཅིག་དམག་བཙུགས་དུས་ཆེན་འཆར་ལ་ཉེ་བའི་མཚམས་སུ་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག དམག་དཔུང་གི་ཞི་ལས་མི་སྣ། གྲ་སྒྲིག་དམག་ཞབས་དམག་མི། ཡུལ་དམག་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-02

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་གནང་ནས་དམག་དོན་མཁའ་སྐྱོད་དཔུང་སྡེ་དང་། དྲ་རྒྱའི་བར་མཐོངས་དཔུང་སྡེ། ཆ་འཕྲིན་རོགས་སྐྱོར་དཔུང་སྡེ། མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་དཔུང་སྡེ་བཅས་ཀྱི་དམག་དར་གྱི་བཟོ་དབྱིབས་ཁྱབ་བསྒྲགས་གནང་བ་མ་ཟད། བརྒྱད་གཅིག་དམག་བཙུགས་དུས་ཆེན་འཆར་ལ་ཉེ་བའི་མཚམས་སུ་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག དམག་དཔུང་གི་ཞི་ལས་མི་སྣ། གྲ་སྒྲིག་དམག་ཞབས་དམག་མི། ཡུལ་དམག་བཅས་ཡོངས་ལ་དུས་ཆེན་གྱི་རྟེན་འབྲེལ་ཡང་ཞུས་པ་རེད།

    ད་ཐེངས་ཁྱབ་བསྒྲགས་བྱས་པའི་དམག་རིགས་ཀྱི་དམག་དར་ནི་བརྒྱད་གཅིག་དམག་དར་རྨང་གཞིར་བྱས་ནས་ཇུས་འགོད་བྱས་ཏེ། ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱས་པ་གང་ལེགས་མངོན་པ་དང་། མི་དམངས་དམག་དཔུང་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་གཅིག་སྡུད་གཅིག་གྱུར་དང་གོམ་སྟབས་གཅིག་གྱུར་གྱིས་མདུན་དུ་སྐྱོད་པ་མཚོན་གྱི་ཡོད། དར་ཆའི་བཟོ་དབྱིབས་དེ་དམག་རིགས་ཀྱི་དམག་དར་གྱི་གོང་འོག་བཀོད་སྒྲིག་དང་ཆ་བགོས་ཡག་ཤོས་ཀྱི་གཞི་རྩའི་རྣམ་པ་རྒྱུན་མཐུད་ཡོད་པ་དང་། དེ་བསྟུན་དམག་རིགས་ཁྱབ་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་རི་མོ་དང་ཁ་དོག་བདམས་ནས་འཐབ་ཇུས་རང་བཞིན་གྱི་དམག་རིགས་ཀྱི་ངོ་བོའི་ངེས་གནས་ཤུགས་ཆེ་རུ་བཏང་སྟེ། དཔུང་སྡེའི་གཟི་བརྗིད་ཀྱི་བསམ་པ་དང་འགན་འཁྲིའི་བསམ་པ་འཕེལ་བར་བྱས་ཡོད། དམག་རིགས་ཀྱི་དམག་དར་ཁྱབ་བསྒྲགས་བྱས་པ་དེ་ཐོག་ནས་རང་དམག་གིས་བརྒྱད་གཅིག་དམག་དར་དང་། སྐམ་དམག མཚོ་དམག མཁའ་དམག མེ་ཤུགས་འཕུར་མདའ་དམག་བཅས་ཀྱི་དམག་དར་དང་དམག་དོན་མཁའ་སྐྱོད་དཔུང་སྡེ་དང་། དྲ་རྒྱའི་བར་མཐོངས་དཔུང་སྡེ། ཆ་འཕྲིན་རོགས་སྐྱོར་དཔུང་སྡེ། མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་དཔུང་སྡེ་བཅས་ཀྱི་དམག་དར་ལས་གྲུབ་པའི་དུས་རབས་གསར་པའི་མི་དམངས་དམག་དཔུང་གི་དམག་དར་མ་ལག་བཙུགས་པ་མཚོན་ཡོད། རྒྱ་ཆེའི་དཔོན་དམག་རྣམས་ཀྱིས་དུས་བཀག་ལྟར་དམག་དཔུང་བཙུགས་ནས་ལོ་བརྒྱའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ་དང་མི་དམངས་དམག་དཔུང་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་ཏུ་མགྱོགས་མྱུར་སྐྲུན་ཆེད་འབད་འཐབ་ལྷོད་མེད་བྱས་ཏེ་དམག་དར་ལ་གཟི་བརྗིད་གསར་པ་སྣོན་པར་ལྕག་སྐུལ་ཐེབས་ངེས་རེད། དམག་རིགས་ཀྱི་དམག་དར་དེ་2025ལོའི་ཟླ་8ཚེས་1ཉིན་ནས་སྤྱོད་འགོ་ཚུགས་པ་རེད།

    དམག་དར་མ་ལག་འཕེལ་རྒྱས་གཏོང་བའི་དགོས་མཁོ་དང་བསྟུན་ནས། ཀྲུང་དབྱང་དམག་ཨུད་ཀྱིས་ད་དུང《དམག་དར་དོ་དམ་གཏན་འབེབས(ཚོད་ལྟའི་ལག་བསྟར)》བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་ཁྱབ་བསྒྲགས་བྱས་ཏེ། དམག་དར་གྱི་རིགས་གྲུབ་ཚུལ་དང་བེད་སྤྱོད་བྱེད་པའི་དུས་ཚོད་དང་སྤྱོད་ཡུལ་སོགས་ལ་དག་བཅོས་བྱས་ནས་དམག་དར་དོ་དམ་ཚད་ལྡན་དུ་གཏོང་བ་དང་དམག་དར་གྱི་དབང་གྲགས་སྲུང་བར་ཁྲིམས་སྐྱོང་གི་འགན་ལེན་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།