དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་གྱིས།

    ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བྱས་ནས་ཁ་ཕྱོགས་གསལ་སྟོན་བྱས་ཏེ་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-01

    “ད་ལོའི་ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གནམ་མཚོ་ཤང་དག་པོ་གྲོང་ཚོའི་གནམ་མཚོ་གསེར་གཡག་མཉམ་ལས་ཁང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་2.8ལ་སྣེ་ལེན་ཞུས་པ་དེ་ན་ནིང་ལོ་ཧྲིལ་པོའི་བསྡོམས་འབོར་ལས་བརྒལ་ཡོད”

    དག་པོ་གྲོང་ཚོའི་དགའ་འོས་པའི་འགྱུར་ལྡོག་ནི་ལྷ་ས་གྲོང་ཁྱེར་ཁོངས་གཏོགས་སུ“ཏང་འཛུགས་སྐྱོང་དང་རིག་གནས་ཡུལ་སྐོར”མཉམ་འདྲེས་གཏིང་ཟབ་ཀྱི་འཐབ་ཇུས་ལ་སྐུལ་འདེད་བཏང་བ་ལས་བྱུང་བའི་གསོན་ཉམས་ལྡན་པའི་བསྡུས་རིས་ཤིག་རེད།

    མཉམ་འདྲེས་ལས་སྟེགས་ཀྱིས་བྱ་གཞག་གི་རྨང་གཞི་བརྟན་དུ་བཏང་བ།

    2025ལོར། ལྷ་ས་གྲོང་ཨུད་རྩ་འཛུགས་པུའུ་དང་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱིས་མཉམ་དུ《གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་གཏིང་ཟབ་བྱས་ནས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་མཐུན་རྐྱེན་སྦྱར་ཏེ་སྤུས་འབྲས་ལེགས་གཉེར་གྱི་ལོ་གསུམ་བྱ་སྤྱོད་འཆར་གཞི》བཀྲམ་ནས་གསར་བརྗེའི་རིག་གནས་ཀྱིས་ནང་དོན་གཙོ་བོར་བྱེད་པ་དང་། ཁུལ་ཡོངས་མཉམ་འགུལ་དང་ཕྱོགས་བསྡུས་ནུས་ཆེའི“ཏང་འཛུགས་སྐྱོང་དང་རིག་གནས་ཡུལ་སྐོར་ཟུང་འབྲེལ”གྱི་མཉམ་འདྲེས་ལས་སྟེགས་གཏོད་རྒྱུ་ཁ་གསལ་བཏོན་ཡོད། ལས་སྟེགས་དེས་གཙོ་བོ་རིམ་ཁག་ཏང་རྩ་འཛུགས་ལ་བརྟེན་ནས་གསར་བརྗེའི་རྗེས་ཤུལ་དང་། ཁྱད་ལྡན་གྲོང་ཚོ་དང་གྲོང་རྡལ། མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་། སྐྱེ་ཁམས་མཛེས་ལྗོངས་སོགས་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་འཆར་འགོད་ལ་བརྟེན་ནས་ཁྲིད་སྟོན་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར། རྣམ་གྲངས་སྐྱོང་གསོ་བཅས་བརྒྱུད་ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱས་ཡོད།

    སྤུས་རྟགས་མངོན་གསལ་དོད་པ་དང་ཐོན་ལས་རིམ་སྤོར་བྱུང་བ།

    ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བྱས་པ་ལས་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་ལ་དབྱར་མཚོ་རྒྱས་པ་ལྟར་གྱི་གསར་གཏོད་ཀྱི་གསོན་ཤུགས་འཕེལ་ཡོད། དྲིལ་བསྒྲགས་ཁྱབ་སྤེལ་ཐད་ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུས་གྲོང་ཁྱེར་དྲ་འཕྲིན་གཞུང་དོན་ཁང་དང་མཉམ་དུ“གསར་བརྗེའི་གནས་མཆོག ས་མཐོའི་བརྩེ་བ”ཞེས་པའི་ཀུན་འདུས་སྨྱན་སྦྱོར་དྲིལ་བསྒྲགས་རིམ་སྤེལ་བྱེད་སྒོ་ཇུས་འགོད་བྱས་པ་དང་། ལྷ་ས་ཕོ་བྲང་པོ་ཏ་ལ་རིག་གནས་ཡུལ་སྐོར་ཚད་ཡོད་ཀུང་སིའི་ཡུལ་སྐོར་སྣེ་ཤན་པུའི་འགྲེལ་བཤད་པ་རྩེ་གྲ་དང་ཏང་ཡོན་བསྟན་འཛིན་ཆོས་གྲགས་ཀྱིས《དམག་དཔོན་ཐོག་ཁང་ནང་གི་ཏང་ཞུགས་རེ་འདུན་ཞུ་ཡིག》གླེང་བའི་བརྙན་ཐུང་དྲ་རྒྱ་ཡོངས་སུ་ལྟ་མཁན་མི་ཐེངས་དུང་ཕྱུར་ལས་བརྒལ་ཡོད། ཐོན་རྫས་རིམ་སྤོར་ཐད་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ལག་རྩལ་ཞིབ་འཇུག་གསར་སྤེལ་པུའུ་ཡི་ཅིང་ལི་དང་ཏང་ཡོན་ཀྲང་མིང་ཚོགས་པས་ཞིབ་འཇུག་གསར་སྤེལ་བྱས་པའི“ལྷ་སའི་གསར་བརྗེའི་རྟེན་གཞིའི་ཡུལ་སྐོར”རིག་ལྡན་ཕྱོགས་སྟོན་APP ARཕྱོགས་སྟོན་དང་། སྐད་གཉིས་འགྲེལ་བཤད། ཏང་ཡོན་གྱི་ཞབས་ཞུ་མཐེབ་གཅིག་སྐད་འབོད་སོགས་ཀྱི་བྱེད་ནུས་བསྡུ་སྒྲིལ་བྱས་པར་དྲ་ཐོག་ཏུ་ལོ་ཕྱེད་ནང་ཐོ་བཀོད་ནས་སྤྱོད་མཁན་ཁྲི་50ལས་བརྒལ་བ་དང་། སྤྱོད་མཁན་གྱི་སྡོད་ཡུན་ཆ་སྙོམས་ཆུ་ཚོད་3.2བར་རིང་དུ་སོང་ཡོད།

    གསར་བརྗེའི་རིག་གནས་ཡུལ་སྐོར་ལ་ཕན་འབྲས་ཡག་པོ་ཐོན་པ།

    ཏང་འཛུགས་སྐྱོང་གི་ཁྲིད་སྟོན་གཏིང་ཟབ་དང་མཉམ་འདྲེས་བྱས་པ་དེས་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་དང་གྲངས་ཚད་མཐོ་རུ་འགྲོ་བར་སྐུལ་མ་ཐེབས་བཞིན་ཡོད། ལྷ་ས་གྲོང་ཁྱེར་བསྡོམས་རྩིས་ཅུས་དང་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱིས་མཉམ་དུ་ཁྱབ་བསྒྲགས་བྱས་པའི་2025ལོའི་ལོ་སྟོད་ཀྱི་རིག་གནས་ཡུལ་སྐོར་དཔལ་འབྱོར་འཁོར་རྒྱུག་སྙན་ཞུ་ལས་མངོན་པར་གཞིགས་ན། ལྷ་ས་གྲོང་ཁྱེར་དུ་རྒྱལ་ཁབ་རིམ་པའི་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་རྩེ་གྲ་1(བོད་ཞི་བས་བཅིངས་འགྲོལ་བཏང་བའི་དྲན་གསོའི་རྡོ་རིང་དང་ཐང་ཆེན)དང་རང་སྐྱོང་ལྗོངས་རིམ་པའི་གསར་བརྗེའི་ཡུལ་སྐོར་གྲོང་ཚོ་དང་གྲོང་རྡལ་3(སྟག་རྩེ་ཆུས་ཀྱི་བདེ་ཆེན་གྲོང་རྡལ་སོགས)གསར་དུ་བསྣན་ཡོད། “གསར་བརྗེའི་ལྷ་སའི”སྤུས་རྟགས་འཚོལ་བཤེར་བྱེད་ཚད་དང་དྲ་རྒྱའི་དྲང་ཕྱོགས་ཀྱི་གདེང་འཇོག་བྱེད་ཚད་དུས་མཚུངས་ལས་67%དང་བརྒྱ་ཆའི་གྲངས་18སོ་སོར་འཕར་བ་དང་། ཡུལ་སྐོར་དང་འབྲེལ་བའི་ཞུ་གཏུག་རྒྱག་ཚད་དུས་མཚུངས་ལས་41%ཆག་པ། ཡུལ་སྐོར་བའི་ཕྱོགས་བསྡུས་བློ་ཡིད་ཚིམ་ཚད་96.8%ཟིན་ཡོད། གསར་བརྗེའི་རིག་གནས་ཡུལ་སྐོར་གྱི་འབྲེལ་ཡོད་ལས་གནས་སུ་ས་གནས་དེ་གའི་ཞིང་འབྲོག་པ་ཁྲི་1.1ལས་ཀར་བསྡུས་པ་དེ་དུས་མཚུངས་ལས་28%འཕར་ཡོད། གྲོང་ཁྱེར་ཡོངས་ཀྱི་གསར་བརྗེའི་བརྗོད་དོན་གཙོ་བོའི་རིག་གནས་ཡུལ་སྐོར་རྣམ་གྲངས་ཀྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་ཀྱི་བསྡོམས་འབོར་མི་ཐེངས་ཁྲི་187ཟིན་པ་དེས་གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་སྣེ་ལེན་ཞུས་པའི་མི་ཐེངས་ཀྱི་38%བཟུང་བ་དང་། དེ་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་10འཕར་བ། དེས་འབྲེལ་ཡོད་འཛད་སྤྱོད་ཡོང་འབབ་སྒོར་དུང་ཕྱུར་9.7ཡོང་བར་ཐད་ཀར་སྐུལ་ཁྲིད་ཐུབ་ཡོད། ལྷག་པར་དུ་གསར་བརྗེའི་རིག་གནས་ཡུལ་སྐོར་རྣམ་གྲངས་ཀྱིས་ཞིང་འབྲོག་པའི་ཡོང་འབབ་སྒོར་དུང་ཕྱུར་1.2འཕར་བར་སྐུལ་ཁྲིད་བྱས་པ་དེ་དུས་མཚུངས་ལས་46%འཕར་ནས་དམངས་ཕྱུག་བོད་དར་གྱི་འདེགས་སྐྱོར་གལ་ཆེན་དུ་གྱུར་ཡོད། གསར་བརྗེའི་རིག་གནས་ཡུལ་སྐོར་འབྲེལ་ཐག་ཏུ་བྱས་ནས་ཁྱད་ལྡན་ལག་ཤེས་བཟོ་ལས་དང་། ལྗང་མདོག་ཞིང་ལས་ཐོན་རྫས། བོད་སྨན་གྱི་ལུས་གསོ་སོགས་འབྲེལ་ཡོད་ཐོན་ལས་མཉམ་དུ་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་ཐུབ་པ་དང་། འབྲེལ་ཡོད་ཐོན་ལས་འཁོར་འབྲེལ་གྱི་ཐོན་ཚད་རིན་ཐང་འཕར་ཚད་25%ཡན་ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།