དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྗེ་འབུམ་སྒང་ཁྲོམ་གཞུང་གིས།

    “གླུ་ལེན་དམ་བཞག་ཐོག་མའི་བསམ་འདུན་མཚོན། གསར་བརྗེའི་འགྱུར་ཁུག་སྙན་མོ་ཏང་ལ་འབུལ”ཞེས་པའི་གསར་བརྗེའི་གླུ་གཞས་འགྲན་བསྡུར་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-01

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྗེ་འབུམ་སྒང་ཁྲོམ་གཞུང་གིས“གླུ་ལེན་དམ་བཞག་ཐོག་མའི་བསམ་འདུན་མཚོན། གསར་བརྗེའི་འགྱུར་ཁུག་སྙན་མོ་ཏང་ལ་འབུལ”ཞེས་པའི་གསར་བརྗེའི་གླུ་གཞས་འགྲན་བསྡུར་གཉེར་ནས་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་གུས་བཀུར་ཞུ་ལུགས་མཚོན་པར་བྱས། བྱེད་སྒོར་ཁྲོམ་གཞུང་དང་སྡེ་ཁུལ་ཁག་གི་འཐུས་ཚབ་རུ་ཁག་དང་ཏང་ཡོན་མང་ཚོགས་མཉམ་དུ་འཛོམས་ཡོད་པ་རེད།

    ད་ཐེངས་ཀྱི་བྱེད་སྒོ་ཚེ་སྨོན་གླིང་སྡེ་ཁུལ་གྱིས་བཏང་བའི《བདུན་གཅིག་གི་སྙན་འཇེབས་གླུ་དབྱངས་མཉམ་དུ་ལེན》ཞེས་པའི་གླུ་དབྱངས་ཁྲོད་དངོས་སུ་འགོ་ཚུགས་པ་དང་། ཁོང་ཚོས“མཉམ་གཞས་དང་ཟློས་གར”ཟུང་འབྲེལ་གྱི་རྣམ་པ་སྤྱད་དེ“གངས་རིའི་རྩེ་མོར་ཉི་མ་གསེར་པོ་ཤར་བའི”འོད་སྟོང་འཕྲོ་བའི་དུས་སྐབས་དེ་དྲན་གསོ་བྱས་པ་དང་། འགྲན་བསྡུར་ནང་ཞུགས་མཁན་ཚོས་ཀྱང་མི་རིགས་ཀྱི་གྱོན་ཆས་དང་དམག་ཆས་གྱོན་ནས་གངས་ལྗོངས་ས་མཐོའི་འགྱུར་ལྡོག་བསྐྱར་དུ་མངོན་པར་བྱས་ཡོད། ས་གནས་ས་ཐོག་ཏུ་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་ནས་བྱེད་སྒོའི་མཐོ་རླབས་འཕྱུར་བར་བྱས་པ་རེད།

    ལྕགས་པོ་རི་སྡེ་ཁུལ་གྱིས་མཉམ་གཞས་དང་གྱེར་ཀློག་མཉམ་འདྲེས་བྱས་ཏེ། གྱེར་ཀློག་ལ་བརྟེན་ནས་མེས་པོ་ཚོས“རྗེས་རབས་ཀྱི་ཆེད་དུ་འགལ་རྐྱེན་སེལ་བའི”འབད་འཐབ་ཀྱི་བརྒྱུད་རིམ་ལ་ཕྱིར་དྲན་བྱས་པ་དང་། མཉམ་གཞས་བླངས་ནས“དུས་བདེའི་འཚོ་བར་རེ་སྨོན་དང་བསྟོད་གླུ་འབུལ་བའི”བསྐལ་བ་བཟང་པོ་མངོན་པར་བྱས་ཡོད། གར་སྟེགས་ཀྱི་རྒྱབ་ལྗོངས་ཀྱང་དུས་མཉམ་དུ་འགྱུར་ལྡོག་ཕྱིན་ནས་ལོ་རྒྱུས་ཀྱི་འཕོ་འགྱུར་དང་ད་ལྟའི་དར་རྒྱས་མངོན་ཡོད་ལ། བོད་ཀྱི་བུ་ཕྲུག་གིས་ཏང་དང་མེས་རྒྱལ་ལ་དུས་དང་བར་སྟོང་ལས་བརྒལ་བའི་དྲིན་ཚོར་དང་དགའ་ཞེན་བྱེད་ལུགས་ཀྱང་མཚོན་པ་རེད།

    དེ་རྗེས་རྗེ་འབུམ་སྒང་ཁྲོམ་གཞུང་ཏང་དོན་ཨུ་ལྷན་དང་དེ་བཞིན་ར་མོ་ཆེ་སྡེ་ཁུལ་དང་། སྨེ་རུ་སྡེ་ཁུལ། རྗེ་འབུལ་སྒང་སྡེ་ཁུལ་སོགས་ཀྱི་འཐུས་ཚབ་རུ་ཁག་གིས《མེས་རྒྱལ་ལ་སྟོད་གླུ་འབུལ》དང་། 《དུས་རབས་གསར་པར་སྐྱོད》 《ང་དང་ངའི་མེས་རྒྱལ》སོགས་ངོ་མཚར་ཆེ་བའི་མཉམ་གཞས་རེས་མོས་ཀྱིས་བཏང་སྟེ། ཁོང་ཚོས་སྙན་འཇེབས་ལྡན་པའི་འགྱུར་ཁུག་ཐོག་ནས་མེས་རྒྱལ་ལ་བཅངས་པའི་བརྩེ་དུང་ཟབ་མོ་མཚོན་པར་བྱས། གླུ་གཞས་རུ་ཁག་ཁག་གིས་འགྲན་བསྡུར་འཁྲུག་པོ་བྱས་པ་བརྒྱུད་འགྲན་བསྡུར་གྱི་གྲུབ་འབྲས་ས་གནས་ས་ཐོག་ཏུ་ཁྱབ་བསྒྲགས་བྱས་པ་དང་ཚོགས་ཞུགས་འགོ་ཁྲིད་ཀྱིས་བྱ་དགའ་ཐོབ་པའི་རུ་ཁག་ལ་བྱ་དགའ་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།