སེམས་རྩ་འཁོལ་བའི་ཞབས་ཞུར་བརྟེན་ནས་དམངས་འཚོར་ཕན་འདོགས་པ།
པར་འདི་གཉིས་ནི་གྲོང་མི་མང་ཚོགས་ཚོས“ངལ་རྩོལ་པའི་ས་ཚིགས”ལ་ལྟ་སྐོར་བྱེད་བཞིན་པ།
ཉེ་ཆར། མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་གྱི་ཕྱོགས་མིའི་ཏང་ཀྲི་པུས“ངལ་རྩོལ་པའི་ས་ཚིགས”དངོས་སུ་སྤྱོད་འགོ་ཚུགས་ཤིང་། དེའི་དམིགས་ཡུལ་ནི་གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས། ཕྱོགས་མི་ཏང་ཡོན་དང་ངལ་རྩོལ་པའི་ཞབས་ཞུ་འགན་ལེན་གྱི་ཆུ་ཚད་ཡག་ཏུ་བཏང་སྟེ་རྒྱ་ཆེའི་ཕྱོགས་མི་ཏང་ཡོན་དང་ངལ་རྩོལ་པར་དྲོ་སྐྱིད་ལྡན་པའི་ཞབས་ཞུའི་ལས་སྟེགས་ཤིག་གཏོད་རྒྱུ་དེ་རེད།
ཤེས་རྟོགས་བྱས་པར་གཞིགས་ན། “ངལ་རྩོལ་པའི་ས་ཚིགས”ནི་མལ་གྲོ་གུང་དཀར་རྫོང་ཨུད་ཀྱི“གསར་གཉིས”ལས་དོན་ཨུ་ལྷན་གྱིས་གཞི་རིམ་ཏང་འཛུགས་སྐྱོང་གསར་གཏོད་ལག་ལེན་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ཞིང་། ས་ཚིགས་ཀྱིས་ངལ་རྩོལ་པའི“གྲང་དུས་དྲོད་ལེན་དང་ཚ་དུས་བསིལ་གྲིབ་ཡོད་པ”སོགས་ཀྱི་དགོས་མཁོ་དངོས་སྐོང་རྒྱུ་ཁྲིད་སྟོན་དུ་བྱས་ནས། བྱེད་ནུས་བཀོད་པ་ཚན་རིག་དང་མཐུན་པའི་ངང་འཆར་འགོད་བྱེད་པ་དང་། སྣེ་ལེན་མདུན་སྟེགས་དང་ངལ་གསོ་ཁུལ་སོགས་བྱེད་ནུས་དབྱེ་ཁུལ་ལུགས་མཐུན་ངང་བཀོད་སྒྲིག་བྱེད་པ། ཞབས་འདེགས་ཞུ་ཡུལ་ལ་བཅའ་ཁྲིམས་བློ་འདྲི་དང་སྨན་རྫས་མྱུར་སྐྱོབ་སོགས་ཀྱི་དམངས་ཕན་ཞབས་ཞུ་ཁག་10ལྷག་ཙམ་རིན་མེད་ངང་མཁོ་འདོན་བྱས་པས་མང་ཚོགས་ཀྱི་འཕྲལ་མཁོ་དང་། སེམས་ཁྲལ། དཀའ་ངལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།