དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་ཁབ་གློག་དྲ་བོད་ལྗོངས་ཚད་བརྒལ་མཐོ་གནོན་ཡན་ལག་ཀུང་སིས།

    བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ནས་བདེ་འཇགས་གློག་སྤྱོད་འདུ་ཤེས་ཁྱབ་གདལ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-01

    ཉེ་ཆར། རྒྱལ་ཁབ་གློག་དྲ་བོད་ལྗོངས་ཚད་བརྒལ་མཐོ་གནོན་ཡན་ལག་ཀུང་སིས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གླང་ཐང་གྲོང་ཚོའི་བུ་བཅོལ་ཁང་དང་མཉམ་དུ“ཏང་འཛུགས་སྐྱོང་གིས་སྟོབས་ཤུགས་གཅིག་ཏུ་སྡུད། གློག་ཤུགས་ཀྱི་ཚན་རིག་ཤེས་བྱས་བྱིས་སེམས་བརླན”ཞེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་དེ“མི་ཚང་མས་བདེ་འཇགས་ལ་སྣང་ཆེན་དང་མི་ཚང་མས་འཕྲལ་སྡོམ་ཤེས་པ—ཉེ་འགྲམ་གྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་འཚོལ་བའི”བདེ་འཇགས་ཐོན་སྐྱེད་ཟླ་བའི་བརྗོད་དོན་གཙོ་བོར་དམིགས་ནས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོར་བརྟེན་ནས་གློག་ཤུགས་བདེ་འཇགས་ཤེས་བྱ་དང་བདེ་འཇགས་གློག་སྤྱོད་འདུ་ཤེས་བརྒྱུད་སྤྲོད་བྱས་ཡོད།

    བྱེད་སྒོ་སྤེལ་རིང་། རྒྱལ་ཁབ་གློག་དྲ་བོད་ལྗོངས་ཚད་བརྒལ་མཐོ་གནོན་ལག་ཀུང་སིའི་གུང་ཁྲན་ཏང་ཡོན་ཞབས་ཞུ་རུ་ཁག་གི་རུ་མི་ཚོས་འགུལ་རིས་བརྙན་ཐུང་དང་། འགུལ་རིས་པར་གཞིའི་PPTསློབ་ཚན། དྲིལ་བསྒྲགས་དེབ་སོགས་སྤྱད་དེ་རོལ་རྩེད་ཞོར་དུ་སློབ་གསོ་ཐེབས་པའི་རྣམ་པར་བརྟེན་ནས་ཕྲུ་གུ་ཚོར་བདེ་འཇགས་གློག་སྤྱོད་ཤེས་བྱ་ཁྱབ་གདལ་བཏང་བ་མ་ཟད། བུ་བཅོལ་ཁང་གི་སློབ་ཁང་དང་ཟ་ཁང་གི་གློག་ལམ་སྒྲིག་བཀོད་ལ་ཞིབ་བཤེར་ཞིབ་ཕྲ་བྱས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་བསལ་བ་རེད།

    ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་བརྒྱུད་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་ཆེ་རུ་ཕྱིན་པ་མ་ཟད། ད་དུང“བྱིས་པའི་སྐད་ཆའི”ཐོག་ནས་གློག་ཤུགས་བདེ་འཇགས་ཤེས་བྱ་ཕྲུ་གུ་ཚོའི་སེམས་སུ་ཟུག་པར་བྱས་པ་དང“ཚན་རིག་ཁྱབ་གདལ་གཏོང་རྒྱུ་དེ་བྱིས་པ་ནས་དམ་འཛིན་བྱེད་པའི”འདུ་ཤེས་ལག་ལེན་བསྟར་ནས་གློག་ཤུགས་བདེ་འཇགས་ཤེས་བྱ་ཕྲུ་གུ་ཚོའི་སེམས་ཁོངས་སུ་རྩ་བ་ཚུགས་ཐུབ་པ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།