དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ལྷོ་ཁའི་ཁྲ་འབྲུག་གྲོང་རྡལ་གྱིས་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-01

    འདི་ནི“རྟེན་འབྲེལ་ཆེ་མོ་བསུ། ཏང་གི་དྲིན་ལ་བསྟོད། མཉམ་དུ་འབད་འབུངས་བྱེད”ཅེས་པའི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་འགོ་ཚུགས་མཛད་སྒོ་འཚོག་བཞིན་པ།

    ཉིན་ཤས་གོང་། ལྷོ་ཁ་གྲོང་ཁྱེར་ཁྲ་འབྲུག་གྲོང་རྡལ་གྱིས“རྟེན་འབྲེལ་ཆེ་མོ་བསུ། ཏང་གི་དྲིན་ལ་བསྟོད། མཉམ་དུ་འབད་འབུངས་བྱེད”ཅེས་པའི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་བཞི་པ་གཉེར་བ་རེད། ཁྲ་འབྲུག་གྲོང་རྡལ་གྱི་ལོ་གཅིག་དུས་གཅིག་གི་སྤུས་རྟགས་བྱེད་སྒོ་ཡིན་པའི་ཆ་ནས་སྐབས་འདིའི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་ཀྱིས་ལུས་རྩལ་རྩལ་འགྲན་དེ་རིག་གནས་རྒྱུན་འཛིན་དང་ཤེས་དཔལ་ལག་ལེན་དང་ཟུང་འབྲེལ་གཏིང་ཟབ་བྱས་ཏེ་བཀོད་སྒྲིག་ཚགས་ཚུད་བྱས་པའི་འགྲན་དོན་སྣ་ཁ་མང་ལ་རང་སོ་སོར་ཁྱད་ཆོས་ལྡན་པ་དང་། དེས་གྲོང་རྡལ་ཡོངས་ཀྱི་སྡེ་ཁུལ་12ཀྱི་ཞིང་འབྲོག་པ་ཚ་ཚ་འུར་འུར་ངང་ཞུགས་པའི་ཡིད་དབང་བཀུག་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།