ལྷོ་བྲག་རྫོང་རྫ་ར་ཤང་གི“པད་ཁའི་མེ་ཏོག”ཚོང་འདུས་སྐབས་བདུན་པ་འགོ་ཚུགས་པ།
ཉེ་ཆར། ལྷོ་བྲག་རྫོང་རྫ་ར་ཤང་གི“པད་ཁའི་མེ་ཏོག”ཚོང་འདུས་སྐབས་བདུན་པ་འགོ་ཚུགས་པ་རེད།
འགོ་ཚུགས་མཛད་སྒོར་རིག་རྩལ་འཁྲབ་སྟོན་ལྟད་མོ་ཆེ་ཞིང་། རྫ་ར་ཤང་སློབ་ཆུང་གི་སློབ་མས་འཁྲབ་པའི《བདེ་སྐྱིད་ལྡན་པའི་ལྷོ་བྲག》ཅེས་པའི་ཞབས་བྲོ་ལས་བྱིས་པའི་ཟོལ་མེད་ཀྱི་བརྩེ་སེམས་དང་དགའ་ཞེན་མངོན་པ་དང་། རྫ་ར་གྲོང་ཚོའི་ཡུལ་མིས་འཁྲབ་པའི《དགའ་གཞས》དང་ཨ་མ་ལགས་འཁྲབ་སྟོན་རུ་ཁག་གིས་འཁྲབ་སྟོན་བྱས་པའི《བཀྲ་ཤིས་པའི་ཉིན་མོ》ཞེས་པ་ལས་འཁྲབ་སྟོན་བྱ་ཡུལ་འཁྲུག་ཆ་དོད་པོར་གྱུར། འཁྲབ་སྟོན་ཧྲིལ་པོར་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་ཟབ་མོ་དང་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཆེན་པོ་མངོན་པས་ལྟད་མོ་བ་ཚོའི་དགའ་བསུ་ཚད་མེད་ཐོབ་ཡོད། ཚོགས་རའི་ནང་སྲིད་ཇུས་དྲིལ་བསྒྲགས་ཁུལ་བཙུགས་ནས་སྨན་བཅོས་དང་སློབ་གསོ་སོགས་ཀྱི་དམངས་ཕན་སྲིད་ཇུས་འགྲེལ་བཤད་ཁ་གསལ་བརྒྱབ་པ་དང་། ཞིང་ལས་ཐོན་རྫས་འགྲེམས་ཚོང་ཁུལ་གྱི་རྫ་རའི་བཟའ་སྣུམ་དང་སྨོན་མདའི་རྩམ་པ་སོགས་ཁྱད་ལྡན་ཐོན་རྫས་ཉོ་ཚོང་གཉིས་དར་བྱུང་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།