དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཧོ་པེ་དང་ཧྲའན་ཤིས་ཀྱི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས།

    སྤྲིན་རུམ་མངའ་རིས་ཕ་ཡུལ་གཉིས་པར་བརྩིས། ཁ་ཞེ་གཉིས་མེད་རོགས་སྐྱོར་ལས་ལ་འབུངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-01

    འདི་ནི་ཧྲའན་ཤིས་ཞིང་ཆེན་གྱིས་རོགས་སྐྱོར་བྱས་ནས་རྒྱས་སྐྲུན་བྱས་པའི་མངའ་རིས་ས་ཁུལ་གཟན་རྩྭ་ལག་རྩལ་ཁྱབ་གདལ་ལྟེ་གནས་ཀྱི་ཚོད་ལྟའི་རྟེན་གཞིར་ལག་རྩལ་པས་ལས་ཀ་བྱེད་བཞིན་པ།

    འདི་ནི་ཧོ་པེ་ཞིང་ཆེན་གྱིས་སྐྲུན་རོགས་བྱས་པའི་རུ་ཐོག་རྫོང་གི་རའི་ཁུ་ལུའི་ཐོན་རྫས་ཉོ་ཚོང་ལྟེ་གནས་ཡིན་པ།

    རྣམ་གྲངས་ཀྱིས་མཐུན་རྐྱེན་སྦྱར་བས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་པ།

    སྔོན་ཆད་ཀྱི་རྩྭ་མདའ་རྫོང་བྱང་རྩེ་ཤང་ལྟེ་བའི་སློབ་ཆུང་གིས་ཁྲོ་ཐབ་ནས་གཅིག་སྡུད་དྲོད་གཏོང་བར་ལོ་ལྟར་རྡོ་སོལ་ཏུན་70ཙམ་འགྲོ་བ་དང་། གཏོང་སྒོ་མཐོ་ལ་དྲོད་ཚད་བརྟན་པོ་མེད་པ་དེས་སྐབས་ཤིག་རིང་སློབ་གྲྭར་སུན་པོ་བཟོས་ཡོད།

    འོན་ཏེ་2022ལོའི་དགུན་དུས་སུ་གནད་དོན་དེ་ལོ་རྒྱུས་སུ་གྱུར་ཡོད། ཤང་དང་གྲོང་རྡལ་གྱི་སློབ་མ་དང་ལས་བྱེད་ལས་བཟོའི་དགུན་སྒྲོལ་གྱི་དྲོད་མཁོ་འདོན་གྱི་གནད་དོན་ཐག་གཅོད་ནུས་ལྡན་བྱ་ཆེད། ཧོ་པེ་ཞིང་ཆེན་གྱི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས་མ་དངུལ་སྒོར་ཁྲི་3000བཏང་ནས། རྩྭ་མདའ་རྫོང་གི་བྱང་རྩེ་ཤང་དང་། ཆུ་གསུམ་ཤང་། ཚོ་སྲིབ་གསུམ་དཀྱིལ་ཤང་བཅས་ལ་ཁ་ཐོར་རྣམ་པའི“ཉི་ནུས་དང་མཁའ་རླུང་ནུས་རྒྱུ”ཟུང་དུ་འབྲེལ་བའི་དྲོད་མཁོ་འདོན་བྱེད་སྟངས་སྤྱད་པ་དང་། དམངས་འཚོ་འགན་སྲུང་གི་གཞི་རིམ་གྱི་ཤང་དང་གྲོང་རྡལ་གྱི་ནུས་རྒྱུ་གཙང་མའི་དྲོད་མཁོ་འདོན་གྱི་རྣམ་གྲངས་ལག་ལེན་བསྟར་ཏེ། ལོ་དེའི་ཟླ་བཅུ་པར་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་ཤིང་། བྱང་རྩེ་ཤང་ལྟེ་བའི་སློབ་ཆུང་གི་ཞག་སྡོད་སློབ་མ་དང་དགེ་རྒན་ལས་བཟོ་ཚོས་དྲོ་སྐྱིད་ལྡན་པའི་དགུན་ཁ་ཐོག་མ་སྐྱེལ་ཐུབ་ཡོད།

    བོད་སྐྱོར་ལས་དོན་སྤེལ་རིང་། ཧོ་པེ་ཞིང་ཆེན་གྱི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས་རྣམ་གྲངས་འཛུགས་སྐྲུན་ཁ་གཏད་བོད་སྐྱོར་གྱི་དམ་འཛིན་བྱ་གཞི་གཙོ་བོར་བྱས་ནས“རྒྱབ་ཕྱོགས་ཀྱི་ཧོ་པེ་དང་། མདུན་ཕྱོགས་ཀྱི་བོད་སྐྱོར། ས་ཁུལ་ཐད་གཏོགས་ལས་ཁུངས། རོགས་སྐྱོར་ཐོབ་མཁན་རྫོང”བཅས་ཕྱོགས་བཞིའི་མཐུན་སྦྱོར་མཉམ་འགུལ་ལམ་སྲོལ་བཙུགས་པས། དམངས་འཚོའི་འདུ་འགོད་རབ་དང་རིམ་པ་མངའ་རིས་ཀྱི་ས་གཞི་ཆེན་པོར་ལག་བསྟར་ཐུབ་པ་སྟེ། རྩྭ་མདའ་རྫོང་གི་ས་མཐོའི་ཁྱད་ལྡན་གྱི“འབྲོག་པའི་སྤྲོ་སྐྱིད་ཁང”གི་ཞོར་གཏོགས་ཀྱི་ལེ་ལག་ཚང་བའི་འཛུགས་སྐྲུན་དང་། རྩྭ་མདའ་རྫོང་བསྟི་ཡག་ཤང་གི་སྔོ་ཚལ་འདེབས་འཛུགས་དཔེ་སྟོན་གླིང་འཛུགས་སྐྲུན། བྱང་རྩེ་ཤང་གི་གྲོང་གསེབ་དར་རྒྱས་ཀྱི་ཕྱོགས་བསྡུས་སྒྱུར་བཀོད་རིམ་སྤོར་རྣམ་གྲངས་ལ་སོགས་རེད།

    ཧྲའན་ཤིས་ཞིང་ཆེན་གྱི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས་ལག་རྩལ་དང་། མ་དངུལ། ཉམས་མྱོང་སོགས་ཀྱི་ལེགས་ཆ་བཏོན་ནས། སྒར་རྫོང་གི་སྐྱེ་ཁམས་ཞིང་ལས་ཐོན་ལས་ཁུལ་གྱི“ཚོགས་སྒྲིག་ཆུང་ངུའི”བོད་སྐྱོར་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། སྒྲིག་བཀོད་ཞིང་ལས་དང་ས་མེད་འདེབས་གསོ་སོགས་ཀྱི་དེང་རབས་འདེབས་འཛུགས་དང་གསོ་ཚགས་ལག་རྩལ་ཁྱབ་གདལ་བཏང་ཞིང་། རྒྱུན་གཏན་གྱི་སྔོ་ཚལ་སོས་པ་ཕུད། ད་དུང་ས་མཐོར་འབྲི་ཏ་ས་འཛིན་འདེབས་ཐུབ་ཡོད།

    དེས་མ་ཚད། ཧྲའན་ཤིས་ཞིང་ཆེན་གྱི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས་ད་དུང་སྤུས་ཀ་ལེགས་ལ་སྐད་གྲགས་ཆེ་བའི་ཤིང་ཏོག་དང་། སྔོ་ཚལ། གཟན་རྩྭ་སོགས་ཀྱི་སྣ་ཁ་གསར་པ་ཁག་54མཐུན་སྦྱོར་ནང་འདྲེན་བྱས་པ་དང་། མངའ་རིས་སུ་གསོ་ཚགས་ལ་འཚམ་པའི་ཕག་པའི་རྒྱུད་པ་གསོ་སྤེལ་བྱས་ཡོད། རྩྭ་མདའ་རྫོང་གིས་ཤིང་ཏོག་ཅི་ཤིན་སྡོང་པོ་1720དང་ཁ་སུར་སྡོང་པོ་1400ཚོད་འདེབས་བྱས་ཏེ། ས་སེར་མཐོ་སྒང་གི་སྡོང་ཕྲུག་གངས་ལྗོངས་ས་མཐོར་བདེ་བླག་ངང་བཏབ་ཡོད།

    གྲངས་གཞི་རེ་རེ་ལས་བོད་སྐྱོར་ལས་དོན་གྱི་མྱུར་ཚད་ལ་བདེན་དཔང་བྱས་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་ཧོ་པེས་ཁྱོན་རྣམ་གྲངས་ཁག་90ལ་ཁ་གཏད་རོགས་སྐྱོར་བྱས་པར་སྤྱིའི་མ་འཇོག་སྒོར་དུང་ཕྱུར་9.86ཟིན་པའི་ཁྲོད་མ་འཇོག་སྒོར་དུང་ཕྱུར་6.51བཏང་ཟིན་ཡོད། ཧོ་པེ་ཞིང་ཆེན་གྱི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས་ཁྱོན་སྒོར་དུང་ཕྱུར་5.75བཏང་བ་དེས་མ་འཇོག་བསྡོམས་འབོར་གྱི་87.25%ཟིན་པ་དང་ལོ་གསུམ་ལས་འགན་གྱི་མ་འཇོག་བསྡོམས་འབོར་གྱི་103%ཟིན་ཡོད།

    ཧྲའན་ཤིས་ཞིང་ཆེན་གྱི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས་མངའ་རིས་ས་ཁུལ་གྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་ཁྱབ་ཁོངས་ཆེན་པོ་5་དང་རྣམ་གྲངས་ཁག་66ལེགས་གཏོང་དང་ལེགས་སྒྲིག་བྱས་པར་མ་དངུལ་སྒོར་དུང་ཕྱུར་5.75དང་འབྲེལ་བ་དག་སྨན་བཅོས་དང་། སློབ་གསོ། ཚན་རྩལ། གྲོང་གསེབ་དར་རྒྱས་སོགས་མངའ་རིས་ཀྱི་འཕྲལ་དུ་ཐག་གཅོད་བྱེད་དགོས་པའི་ལས་དོན་ལ་ཁྱབ་ཡོད་པ་དང་། དམངས་འཚོའི་རྣམ་གྲངས་ཀྱིས་མ་འཇོག་བསྡོམས་འབོར་གྱི་88.89%བཟུང་བ་དང་གཞི་རིམ་རྣམ་གྲངས་ཀྱིས་80.72%བཟུང་ཡོད།

    ཐོན་ལས་འཕེལ་རྒྱས་བཏང་ནས་སྒུལ་ནུས་གསར་པ་འཕེལ་བར་བྱས་པ།

    འབྲོག་ལས་ནི་མངའ་རིས་ས་ཁུལ་གྱི་ཀ་རྟེན་ཐོན་ལས་ཡིན་པ་དང་། གཟན་རྩྭའི་ཐོན་ལས་ནི་དེང་རབས་འབྲོག་ལས་མ་ལག་འཛུགས་པའི་ལྟེ་བ་དང་འགག་རྩ་རེད། ཧྲའན་ཤིས་ཞིང་ཆེན་གྱི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས“འབྲོག་ལས་འཕེལ་རྒྱས་གཏོང་བར་གཟན་རྩྭ་གཙིགས་ཆེར་འཛིན་པའི”འདུ་ཤེས་རྒྱུན་འཛིན་བྱས་ནས་མངའ་རིས་ས་ཁུལ་གྱི་གཟན་རྩྭའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ལས་ཀའི་ནང་དོན་གལ་ཆེན་དུ་བརྩིས་ཡོད།

    “‘ལོ་ལྔ་ཚན་བཅུ་བཞི་པའི’”རིང་ཧྲའན་ཤིས་བོད་སྐྱོར་གྱིས་ཆེད་སྤྱོད་མ་དངུལ་སྒོར་ཁྲི་2600བཏང་ནས་རྟེན་གཞི་ཕྱོགས་ཡོངས་ནས་བསྐྱར་སྐྲུན་རྒྱས་སྐྲུན་བྱས་ཡོད”ཅེས་ཧྲའན་ཤིས་ཞིང་ཆེན་གྱི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་པ་དང་མངའ་རིས་ས་ཁུལ་གཟན་རྩྭ་ལག་རྩལ་ཁྱབ་གདལ་ལྟེ་གནས་ཀྱི་འགན་འཁུར་བ་ཁང་ཀྲི་ཆིན་གྱིས་ངོ་སྤྲོད་བྱས། དེ་སྔའི་ས་ཕག་གི་ཁང་པ་གོག་ཧྲུལ་རྣམས་བཤིག་ནས་དེའི་ཚབ་ཏུ་གཞུང་ལས་ཁང་གསར་རྐྱང་དང་སྐྱིད་སྣང་དོད་པའི་ཕྱུགས་རྫིའི་ཉལ་ཁང་བརྒྱབ་པ་དང་ཆབས་ཅིག ས་བོན་མཛོད་དང་ཞིང་ལས་འཕྲུལ་ཆས་མཛོད་སོགས་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་བ་དང་། སྔོ་ལུད་ཐོན་སྐྱེད་འཁོར་ཁང་དང་དྲོད་ཁང་ཆེ་མོ་བསྐྲུན་ལ། གློག་གཏོང་ལས་གྲྭ་དང་ཆུ་ཡུར་ཡང་སྒྱུར་བཀོད་བྱས་ཡོད།

    ཧོ་པེའི་བོད་སྐྱོར་རྣམ་གྲངས་དང་ལག་རྩལ་མཉམ་ལས་སོགས་ཀྱི་ཐབས་ལམ་ལ་བརྟེན་པས། རུ་ཐོག་རྫོང་དུ་ཁུ་ལུ་དཀར་པོའི་རའི་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད། ཕ་ཕྱུགས་སྲུང་སྐྱོང་ནས་ཚན་རིག་དང་མཐུན་པའི་གསོ་ཚགས་དང་དེ་ནས་ཐོན་རྫས་ཕྱིར་ཚོང་བཅས་ཀྱི་ལྷུ་ཚིགས་ཚང་མར་བོད་སྐྱོར་གྱི་སྟོབས་ཤུགས་འདུས་ཡོད། ལོ་གསུམ་རིང་རུ་ཐོག་གི་ཁུ་ལུ་དཀར་པོའི་ར་མགོ་གྲངས་ཁྲི་15ནས་ཁྲི་17ཡས་མས་བར་མང་དུ་ཕྱིན་པ་དང་རའི་ཁུ་ལུའི་ཐོན་འབབ་ཏུན་45ཡས་མས་སུ་བརྟན་པོའི་ངང་གནས་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་བོད་སྐྱོར་མ་དངུལ་སྒོར་ཁྲི་5900བཏང་སྟེ་ཁུ་ལུ་དཀར་པོའི་རའི་ཁྱད་ལྡན་ཐོན་ལས་རྣམ་གྲངས་ཁག་5ལག་ལེན་བསྟར་ཏེ། ཐོན་སྐྱེད་དང་བྲིན་ཚོང་གི་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས་ཐོན་ལས་འཕེལ་རྒྱས་ཀྱི་འདེགས་སྐྱོར་དང་འགན་ལེན་བརྟན་དུ་བཏང་ཡོད།

    ལོ་གསུམ་གྱི་དུས་ཚོད་ནི་ཡུད་ཙམ་ཞིག་ལ་འདས་ཀྱང་། ས་མཐོའི་མཐོ་གྲང་གི་སྡོང་ཕྲུག་འདེབས་གསོའི་རྟེན་གཞི་དང་། མུའུ་ཆིག་སྟོང་ཟིན་པའི་གླ་ཚེར་གྱི་ལས་གྲྭ། སྤུ་ཧྲེང་གནམ་ཐང་། རྒྱལ་ཡོངས་ཀྱི་ས་མཐོའི་མི་མེད་གནམ་གྲུའི་ཐོན་ལས་དཔེ་སྟོན་རྟེན་གཞི་ཐོག་མ། བོད་ཀྱི་བཟོ་ལས་རིམ་པའི“ལིས་ཐད་ལེན”རྣམ་གྲངས་ཐོག་མ་སོགས། ཧོ་པེ་དང་ཧྲའན་ཤིས་ཞིང་ཆེན་གཉིས་ཀྱི་སེམས་ནུས་འདུས་པའི་ཐོན་ལས་རྣམ་གྲངས་རེ་རེ་ནི་མཚར་སྡུག་རྣམ་པར་བཀྲ་བའི་སྐར་ཚོགས་དང་འདྲ་བར་མངའ་རིས་མི་སེར་གྱི་བདེ་སྐྱིད་ཀྱི་ལམ་བུ་གསལ་བར་བྱས་ཡོད་ལ། དེ་དག་ལས་མངའ་རིས་ས་མཐོའི་རང་ངོས་འཕེལ་རྒྱས་ཀྱི་རང་རྟེན་སྒུལ་ཤུགས་ཀྱང་འཕེལ་ཡོད།

    (ཧྲའན་ཤིས་ཞིང་ཆེན་གྱི་ཁག་བཅུ་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་པར་རིས་མཁོ་འདོན་བྱས)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།