དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀོང་ཤིས་པེ་ཧའེ་ཡི་ཐིའེ་ཧྲན་ཀང་གྲུ་ཁ་ཤར་མར་རྒྱལ་སྤྱིའི་མཚོ་འགྲུལ་གྲུ་གཟིངས་ཐོག་མར་སླེབས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-01

    ཉེ་ཆར། ཕྱི་ཚོང་བཟོ་ལས་རྒྱུ་ཆ་ཏུན་53030བླུགས་པའི་གྲུ་གཟིངས“རུའེ་ཉིང་9རྟགས་ཅན”དེ་བདེ་བླག་ངང་ཀོང་ཤིས་བྱང་རྒྱུད་མཚོ་ཁུག་གྲུ་ཁ་པེ་ཧའེ་ཡི་ཐིའེ་ཧྲན་ཀང་གྲུ་ཁ་ཤར་མའི་ལན་ཀེན་ལས་ཁུལ་གྱི་གྲུ་ཚུགས་དང་པོར་ཁ་བཀག་ཅིང་། འདི་ནི་གྲུ་ཚུགས་དེ་སྤྱོད་འགོ་ཚུགས་ཚུན་རྒྱལ་སྤྱིའི་མཚོ་འགྲུལ་གྲུ་གཟིངས་སླེབས་ཐེངས་དང་པོ་ཡིན་པ་དང་། དེས་པེ་ཧའེ་གྲུ་ཁའི་འགག་སྒོ་ཐིའེ་ཧྲན་གྲུ་ཁའི་གྲུ་ཁུལ་ཤར་མའི་ལན་ཀེན་ལས་ཁུལ་གྱི་གྲུ་ཚུགས་དང་པོ་དང་གཉིས་པ་དེ་བཞིན་ལྷོའི་གྲུ་ཚུགས་དང་པོ་ནས་གསུམ་པའི་བར་ལ་ཕྱི་ཚོང་གྲུ་གཟིངས་དངོས་སུ་སླེབས་འགོ་ཚུགས་པ་མཚོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།