དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཏ་པན་འཛམ་གླིང་དངོས་མང་སྟོན་ཚོགས་ཀྲུང་གོའི་འགྲེམས་ཁང་གི་ཧྲན་ཏུང་བྱེད་སྒོའི་གཟའ་འཁོར་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-01

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཏ་པན་ནས་གློག་འཕྲིན་འབྱོར་གསལ། “ངོ་མཚར་ལྡན་པའི་ཧྲན་ཏུང་། གསོན་ཤུགས་ཁེངས་པའི་འབྱུང་འགྱུར”བརྗོད་དོན་གཙོ་བོར་བྱས་པའི་2025ལོའི་རི་པིན་ཏ་པན་འཛམ་གླིང་དངོས་མང་སྟོན་ཚོགས་ཀྲུང་གོའི་འགྲེམས་ཁང་གི་ཧྲན་ཏུང་བྱེད་སྒོའི་གཟའ་འཁོར་ཚེས་29ཉིན་དངོས་སུ་སྤེལ་འགོ་ཚུགས་ཤིང་། བྱེད་སྒོའི་གཟའ་འཁོར་གྱི་འགོ་ཚུགས་མཛད་སྒོ་དང“2025ལོའི་ཧྲན་ཏུང་གླེང་མོལ—རི་པིན·ཧྲན་ཏུང་ཐོན་ལས་མཉམ་ལས་སྤེལ་རེས་ཚོགས་འདུ”དེ་ཉིན་ཏ་པན་དུ་འཚོགས་པ་དང་ཀྲུང་གོ་དང་རི་པིན་གྱི་སྲིད་གཞུང་དང་ཁེ་ལས་ཀྱི་འཐུས་མི་600ལྷག་ཙམ་བྱེད་སྒོར་ཞུགས་པ་རེད།

    ཀྲུང་གོ་རྒྱལ་སྤྱིའི་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱི་ཚོགས་གཙོ་གཞོན་པ་དང་ཀྲུང་གོའི་འགྲེམས་ཁང་གི་སྲིད་གཞུང་གི་སྤྱི་ཁྱབ་འཐུས་མི་ལི་ཆིང་ཧྲོང་གིས་བརྙན་ལམ་ཐོག་ཤིས་ཚིག་གནང་སྐབས། ཧྲན་ཏུང་ཞིང་ཆེན་ནི་ཀྲུང་གོའི་ཤར་རྒྱུད་མཚོ་རྒྱུད་ཀྱི་དཔལ་འབྱོར་སྟོབས་ཆེའི་་ཞིང་ཆེན་དང་སྒོ་དབྱེའི་ཞིང་ཆེན་ཆེན་པོ་ཞིག་ཡིན་པའི་ངོས་ནས་ཐོན་ལས་ཀྱི་རྨང་གཞི་ཡག་པ་དང་གསར་གཏོད་ཀྱི་གསོན་ཤུགས་ཆེན་པོ་ལྡན་པས། འཛམ་གླིང་དངོས་མང་སྟོན་ཚོགས་ཀྱི་གར་སྟེགས་ཐོག“ཧྲན་ཏུང་གི་བག་ཆགས”ཟབ་མོ་བཞག་ཡོད། ཧྲན་ཏུང་ཞིང་ཆེན་གྱིས་ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་ཕྱི་ཕྱོགས་སྤེལ་རེས་མཉམ་ལས་ལ་སྔར་བས་སྐུལ་འདེད་བཏང་ནས་རི་པིན་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་ལས་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཐུན་མོང་ཐོག་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།