ལོ་སྟོད་དུ་མཚོ་སྔོན་གྱིས་ཆུ་ཚོད་ཆན་ཝ་དུང་ཕྱུར་1གི་ལྗང་མདོག་གློག་ལེ་དབར་སྟོང་ཕྲག་ཆོད་པའི་ཅང་སུའུ་ལ་བཏང་བ།
ཉིན་ཤས་གོང་། གསར་འགོད་པར་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་བ་6པའི་ཟླ་མཇུག་བར། མཚོ་སྔོན་གྱིས་ཆེས་མཐོ་གནོན་གྱི་གློག་འདྲེན་སྐུད་ལམ་བརྒྱུད་ཅང་སུའུ་ལ་ཆུ་ཚོད་ཆན་ཝ་དུང་ཕྱུར་1གི་ལྗང་མདོག་གློག་བརྟན་པོ་བཏང་བས། ལོ་འཁོར་གྱི་གན་རྒྱ་བཞག་པའི་སྤྱི་འབོར་གྱི་66%ལེགས་གྲུབ་བྱུང་བ་དང་གློག་འདྲེན་མྱུར་ཚད་དུས་རིམ་གྱི་སྔོན་དཔག་ལས་ཆེས་ཆེར་བརྒལ་ཡོད་པ་རེད།
མཚོ་སྔོན་གྱིས་ཅང་སུའུ་ལ་ཞིང་ཆེན་དབར་གྱི་ལྗང་མདོག་གློག་ཤུགས་ལོ་མང་གཏོང་བའི་ཉོ་ཚོང་གྲོས་མཐུན་གཞིར་བཟུང་། 2025ལོར་མཚོ་སྔོན་གྱིས་ཅང་སུའུ་ལ་ཆུ་ཚོད་ཆན་ཝ་དུང་ཕྱུར་1.52ཀྱི་ལྗང་མདོག་གློག་ཤུགས་གཏོང་བའི་གན་རྒྱ་བཞག་ཅིང་། ལོ་སྟོད་དུ་པེ་ཅིང་གློག་ཤུགས་ཉོ་ཚོང་ལྟེ་གནས་ཀྱི་སྒྲིག་འཛུགས་སྣེ་ཁྲིད་འོག མཚོ་སྔོན་གློག་ཤུགས་ཉོ་ཚོང་ལྟེ་གནས་ཀྱིས་ཆན་ཧྥུ་±800ཡི་མཚོ་སྔོན་དང་ཧོ་ནན་གྱི་ཐད་རྒྱུག་གློག་རྒྱུན་དང་ལིང་ཀྲོའུ་དང་ཧྲའོ་ཤིང་གི་ཐད་རྒྱུག་ཆེས་མཐོ་གནོན་ལས་གྲྭ་བརྒྱུད། ཅང་སུའུ་ལ་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་1བཏང་བ་དེ་ཚད་ལྡན་རྡོ་སོལ་ཟད་གྲོན་ཏུན་ཁྲི་3ཙམ་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་8ཙམ་ཉུང་དུ་བཏང་བ་དང་མཚུངས་ཤིང་། དེས་ཅང་སུའུ་ཡི་ས་ཁུལ་ཁག་གཅིག་གི་གློག་ཤུགས་མཁོ་སྤྲོད་ཀྱི་ཁུར་པོ་ཡང་དུ་ནུས་ལྡན་ཕྱིན་པ་མ་ཟད། མཚོ་སྔོན་གྱི་ནུས་རྒྱུ་གཙང་མའི་ཁྲོམ་རའི་རིན་ཐང་ཡང་སྔར་བས་མངོན་ཡོད།
རྒྱལ་ཁབ་གློག་དྲ་ཀུང་སིའི་ཞིང་ཆེན་དབར་གྱི་གློག་ཤུགས་ཉོ་ཚོང་ལས་སྟེགས་ལ་བརྟེན་ནས། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས་དེ་བས་ཆེ་བའི་ཁྱབ་ཁོངས་སུ་ནུས་རྒྱུའི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་གྱི་ལྗང་མདོག་གློག་ཤུགས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ། ལོ་མང་རིང་ཞིང་ཆེན་དབར་གྱི་ལྗང་མདོག་ཉོ་ཚོང་གསར་གཏོད་བཅས་བྱས་ཏེ་ཅང་སུའུ་སོགས་ཤར་རྒྱུད་ཀྱི་དར་རྒྱས་ཆེ་བའི་གྲོང་ཁྱེར་དང་མཉམ་ལས་བྱས་པས། ལྗང་མདོག་གློག་ཤུགས་ཕྱིར་གཏོང་ཐུབ་ནས་ཅང་སུའུ་ཡི་དཔལ་འབྱོར་འཕེལ་རྒྱས་དང་ལྗང་མདོག་ཕྱོགས་སྒྱུར་ལ་རྒྱུན་མཐུད་ཆོག་པའི་ནུས་རྒྱུ་གཙང་མ་འགན་ལེན་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།