བུ་གསོའི་ཁ་གསབ་དངུལ་རེ་ཞུ་བྱེད་ཆོག་གི་འདུག
ཟླ་7ཚེས་30ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀུའོ་ཡན་ཧུང་དང་། ནོར་སྲིད་པུའུ་དང་། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བ་སོགས་ཀྱིས་བུ་གསོའི་ཁ་གསབ་ལམ་ལུགས་དང་ཕྲུ་གུ་བཙའ་བར་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་མ་ཟད། གསར་འགོད་པའི་དྲི་བར་ལན་ཡང་བཏབ་པ་རེད།
ལས་ཀའི་འཆར་གཞི་གཞིར་བཟུང་། ས་ཆ་ཁག་གཅིག་ལ་ཟླ་8པའི་ཟླ་སྨད་ནས་རིམ་བཞིན་བུ་གསོའི་ཁ་གསབ་དངུལ་རེ་ཞུ་བྱེད་ཆོག་པ་དང་། ཟླ་8ཚེས་31ཉིན་གོང་བུ་གསོའི་ཁ་གསབ་དངུལ་ས་ཆ་ཚང་མ་ནས་རེ་ཞུ་བྱེད་ཆོག་གི་ཡོད།
བུ་གསོའི་ཁ་གསབ་དངུལ་ལེན་སྟངས་ནི། གཙོ་བོ་རྒྱལ་ཡོངས་གཅིག་གྱུར་གྱི་བུ་གསོའི་ཁ་གསབ་དངུལ་ཆ་འཕྲིན་དོ་དམ་མ་ལག་བརྒྱུད་དྲ་ཐོག་ནས་རེ་ཞུ་བྱེད་ཆོག དེ་དང་ཆབས་ཅིག་ཡུལ་དངོས་ནས་ཀྱང་རེ་ཞུ་བྱེད་ཆོག་པ་སྟེ། དམིགས་བསལ་གནས་ཚུལ་གྱིས་རྐྱེན་པས་དྲ་ཐོག་ནས་རེ་ཞུ་བྱེད་མི་ཐུབ་པའི་མང་ཚོགས་ཀྱིས་ཕྲུ་གུའི་ཐེམ་ཐོ་ཡོད་སའི་ཤང་དང་གྲོང་རྡལ་དང་ཁྲོམ་གཞུང་དོན་གཅོད་ཁྲུའུ་ནས་རེ་ཞུ་བྱེད་ཆོག
མིག་སྔར་དངུལ་སྤྲོད་འབོ་ཡི་ལས་སྟེགས་ནས་སྔོན་མངགས་བྱེད་ཆོག་པས། ཞིབ་ཕྲའི་གོ་རིམ་གཤམ་གསལ།
↓↓↓
དང་པོ། དངུལ་སྤྲོད་འབོ་ཁ་ཕྱེ་ནས【བུ་གསོའི་ཁ་གསབ】ཅེས་པའི་ཡི་གེ་བརྒྱབ་ནས་འཚོལ་དགོས།
གཉིས་པ། 【བུ་གསོའི་ཁ་གསབ་རེ་ཞུ་བྱེད་འགོ་ཚུགས་པའི་བརྡ་ཐོ】ཞེས་པ་མནན་ནས་སྔོན་མངགས་བྱེད་ཆོག
གསུམ་པ། 【བུ་གསོའི་ཁ་གསབ་དངུལ་རྩིས་ཆས】ཞེས་པ་མནན་ནས་ཁ་གསབ་ག་ཚོད་ལེན་རྒྱུ་ཡོད་མེད་ལྟ་དགོས།
བཞི་པ། ཕྲུ་གུའི་སྐྱེས་ལོ་བདམས་ནས་ལམ་སེང་རྩིས་རྒྱག་པ་ཅེས་པ་གནོན་དགོས།
ལྔ་པ། ཁ་གསབ་དངུལ་གྲངས་ག་ཚོད་ཡོད་མེད་ལྟ་དགོས།(རྩིས་བརྒྱབ་པའི་དངུལ་གྲངས་དཔྱད་གཞིར་འཛིན་པ་ལས། ཞིབ་ཕྲའི་དངུལ་གྲངས་ས་གནས་ཀྱིས་དངོས་སུ་སྤྲོད་པའི་ཁ་གསབ་དངུལ་གཞིར་འཛིན་དགོས)
འབྲེལ་ཡོད་གསར་འགྱུར།