འཕྲལ་མར་དང་ལེན་དང་འཕྲལ་དུ་ཐག་གཅོད་བྱེད་དགོས།
ས་ཆ་མང་པོར་དྲག་ཆར་བསྟུད་མར་བབས་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་ཕོག་ཡོད། འཕྲལ་དུ་སྒྲུབ་དགོས་པའི་ལས་འགན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་འབྲུབ་འགོག་དང་ཉེན་སེལ་གུད་སྐྱོབ་ཀྱི་ལས་དོན་ཁག་ལེགས་པར་བསྒྲུབས་ནས། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས་པ་དེ་རེད།
འབྲུབ་འགོག་གི་འགག་རྩའི་དུས་སུ་ཇི་ཙམ་སླེབས་ན་དེ་ཙམ་གྱིས་དུས་དང་རྣམ་པ་ཀུན་ཏུ་འགན་འཁྲིར་དམ་འཛིན་ནན་པོ་བྱེད་དགོས། གཙང་པོ་དང་ཆུ་བོ་དང་ཆུ་མཛོད་ཀྱི་ཆུ་རགས་ལ་སྐོར་སྲུང་དང་གྲོང་ཁྱེར་ནང་ཁུལ་གྱི་འཁྱིལ་ཆུའི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བའམ་ཡང་ན་ཉེན་གྱར་མང་ཚོགས་དུས་ཐོག་ཏུ་གནས་སྤོ་བཀོད་སྒྲིག་བྱེད་པ་གང་ཞིག་ཡིན་རུང་། མཐའ་ཚད་ཀྱི་བསམ་གཞིག་དང་མཐའ་ཟད་ཀྱི་བསམ་གཞིག་བརྟན་པོར་བཙུགས་ཏེ་ཉེན་ཁ་སྣ་ཚོགས་དུས་ཐོག་ཏུ་ཤེས་རྟོགས་དང་བསལ་ཚེ་གཞི་ནས་དམིགས་བསལ་གྱི་གནས་ཚུལ་འོག་མང་ཚོགས་ཀྱི་བདེ་འཇགས་འགན་སྲུང་ཐུབ་པ་དང་གྱོང་གུན་ཆུང་དུ་གཏོང་ཐུབ།
དྲག་ཆར་ལ་ཁ་གཏད་གཅོག་པ་དང་གནོད་འཚེ་དང་འཐབ་རྩོད་བྱེད་པའི་འགག་རྩ་ནི་ལས་དོན་མགྱོགས་མྱུར་སྤེལ་རྒྱུ་དེ་རེད། གནམ་གཤིས་ཀྱི་ཉེན་ཟོན་སྔོན་བརྡ་དང་། འཕྲལ་སྡོམ་རོགས་སྐྱོབ། སྨན་བཅོས་འཕྲོད་བསྟེན་སོགས་ཚང་མ་གྲ་སྒྲིག་ཨང་བསར་བྱེད་པའི་དམག་གྲབས་ཀྱི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། ཐོལ་བྱུང་ཛ་དྲག་གི་གནས་ཚུལ་ཐོན་རྗེས“འཕྲལ་མར་དང་ལེན་དང་འཕྲལ་དུ་ཐག་གཅོད”ཐུབ་པའི་འགན་ལེན་བྱེད་དགོས།
འབྲུབ་འགོག་གི་འགག་རྩའི་དུས་ནི་ཏང་ཡོན་ལས་བྱེད་པས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་པའི་དུས་ཡིན། མི་དམངས་མང་ཚོགས་ལ་ཉེན་ཁ་འཕྲད་པའི་སྐབས་སུ་འགན་འཁྲི་ལྕི་པོ་འཁུར་ཕོད་པ་དང་སྔོན་ལ་གདོང་མཆོང་བྱེད་པ་འདི་ནི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་འཁུར་དགོས་པའི་ཆབ་སྲིད་ཀྱི་འགན་འཁྲི་རེད་ལ། རང་འགན་ཐེག་པ་ཁུར་ལེན་བྱེད་པའི་ལག་ལེན་ནུས་ལྡན་ཞིག་ཀྱང་རེད།
འབྲེལ་ཡོད་གསར་འགྱུར།