ཧུའུ་པེས་དབྱར་ཁའི་གུང་གསེང་གི“གཅེས་སེམས་བཅོལ་ཉར་འཛིན་གྲྭ”3800ལྷག་ཙམ་གཉེར་བ།
གསར་འགོད་པས་གུང་གཞོན་སྡེ་ཚོགས་ཧུའུ་པེ་ཞིང་ཨུད་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཧུའུ་པེས་ད་ལོ་དབྱར་ཁའི་གུང་གསེང་གི“གཅེས་སེམས་བཅོལ་ཉར་འཛིན་གྲྭ”3800ལྷག་ཙམ་གཉེར་ཏེ་ལོ་6ནས་14བར་གྱི་ལོ་ཆུང་བྱིས་པར་རིན་མེད་ཀྱི་དབྱར་ཁའི་གུང་གསེང་བཅོལ་ཉར་ཞབས་ཞུ་མཁོ་འདོན་བྱས་པ་རེད།
“གཅེས་སེམས་བཅོལ་ཉར་འཛིན་གྲྭ”ཡག་པོ་གཉེར་ཆེད། གུང་གཞོན་སྡེ་ཚོགས་ཧུའུ་པེ་ཞིང་ཨུད་ཀྱིས་ཐབས་ལམ་སྣ་ཚོགས་སྤྱད་ནས་དང་བླངས་པ་བསྡུས་ཤིང་། དང་བླངས་པ་བསྡུ་བའི་ཐད་སློབ་གྲྭ་དང་ས་གནས་ཆ་སྒྲིག་ཚོགས་སྒྲིག་དང་ལས་སྟེགས་ཀྱིས་དྲ་ཐོག་ནས་བསྡུ་རྒྱུ་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་པར་དང་བླངས་པ་ཁྲི་2ལྷག་ཙམ་དེའི་ནང་ཞུགས་ཡོད། དེའི་ནང་གུང་གཞོན་སྡེ་ཚོགས་ཧུའུ་པེ་ཞིང་ཨུད་ཀྱིས་མཐོ་སློབ་དང་མཉམ་དུ་སློབ་ཆེན་སློབ་མའི་དང་བླངས་ཚོགས་པ་900ལྷག་ཙམ་བཙུགས་ཡོད།
སློབ་ཚན་བཀོད་སྒྲིག་ཐད། གུང་གཞོན་སྡེ་ཚོགས་ཧུའུ་པེ་ཞིང་ཨུད་ཀྱིས་སྡེ་ཚན་མང་པོ་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྣ་ཚོགས་མཉམ་འབྲེལ་བྱས་ཏེ“གཅེས་སེམས་བཅོལ་ཉར་འཛིན་གྲྭ”རུ“ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ”བཅས་སློབ་གསོ་ལྔའི་ནང་དོན་ཚུད་པའི་སློབ་ཚན་200ལྷག་ཙམ་བཀོད་སྒྲིག་བྱས་པ་དང་། མི་ཐབས་རིག་ནུས་སློབ་གསོ་དང་། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན། བློ་རིག་འཕེལ་བའི་རོལ་རྩེད་སོགས་ཁྱད་ཆོས་ལྡན་པའི་སློབ་ཚན་ཁག་གཅིག་གཅིག་སྡུད་བྱས་པ་མ་ཟད། ཆུར་མ་ལྷུང་སྔོན་འགོག་དང་། མེ་ཟོན་སྔོན་འགོག གློག་སྤྱོད་བདེ་འཇགས། རྒྱུན་ལྡན་གྱི་མྱུར་སྐྱོབ་སོགས་བདེ་འཇགས་རང་སྲུང་གི་སློབ་གསོའི་ནང་དོན་ཡང་མཉམ་འདྲེས་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།