དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་དུ་སྨུག་རྡུལ་དང་བྱེ་རྡུལ་གྱི་གནམ་གཤིས་བསྟན་ཉུང་དུ་མུ་མཐུད་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-07-31

    ཉིན་ཤས་གོང་། ཀྲུང་གོ་གནམ་གཤིས་ཅུས་ཀྱིས《རླུང་ཁམས་ཆེན་པོའི་ཁོར་ཡུག་གནམ་གཤིས་སྤྱི་བསྒྲགས(2024ལོ)》ཁྱབ་བསྒྲགས་བྱས་ཤིང་། སྤྱི་བསྒྲགས་ནང་མངོན་པར། 2024ལོར་སྨུག་རྡུལ་དང་བྱེ་རྡུལ་གྱི་གནམ་གཤིས་བསྟན་ཉུང་དུ་མུ་མཐུད་ཕྱིན་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་སྨུག་རྡུལ་འཁྲིགས་པའི་ཉིན་གྲངས་དེ་2023ལོ་ལས་ཉིན་1.8ཀྱིས་ཉུང་དུ་ཕྱིན་པ་དང་། བྱེ་རྡུལ་གྱི་གནམ་གཤིས་2023ལོ་ལས་ཐེངས་3གྱིས་ཉུང་དུ་ཕྱིན་པ། གནམ་གཤིས་ཀྱི་ཆ་རྐྱེན་དེ་PM2.5ཡི་འདུས་ཚད་ཆག་པར་ཕན་ཐོགས་ཡོད་པ་རེད།

    2024ལོར་རྒྱལ་ཡོངས་ཀྱི་ཆ་སྙོམས་སྨུག་རྡུལ་འཁྲིགས་པའི་ཉིན་གྲངས་ཉིན་18.7ཡིན་པ་དེ་ཉེ་བའི་ལོ་ལྔའི་ཆ་སྙོམས་སྟོན་གྲངས་དང་བསྡུར་ན་ཉིན་3.4ཡིས་ཉུང་དུ་ཕྱིན་ཡོད། 2024ལོར་PM2.5ཡི་གནམ་གཤིས་ཆ་རྐྱེན་དཔྱད་དཔོག་སྟོན་གྲངས་དེ་2023ལོ་ལས་3.4%ཆག་པ་དང་ཉེ་བའི་ལོ་ལྔའི་ཆ་སྙོམས་ལས་4.1%ཆག་པ། 2024ལོར་རྒྱལ་ཡོངས་ཀྱི་ཆ་སྙོམས་བྱེ་རྡུལ་འཁྲིགས་པའི་ཉིན་གྲངས་2000ལོ་ཚུན་གྱི་ཆ་སྙོམས་སྟོན་གྲངས་དང་འདྲ་མཚུངས་ཡིན་པ་དང་ནུབ་བྱང་ས་ཁུལ་དུ་ཅུང་མང་བ་ཡོད། 2024ལོར་རང་རྒྱལ་དུ་བྱེ་རྡུལ་འཁྲིགས་པའི་གནམ་གཤིས་སྟོན་ཐེངས་14ཟིན་པ་དེ་2023ལོ་ལས་ཐེངས་3གྱིས་ཉུང་བ་ཡོད།

    ཉེ་བའི་ལོ་ཤས་རིང་། གནམ་གཤིས་སྡེ་ཚན་གྱིས་དུས་ཐུང་ནས་དུས་ཡུན་རིང་འབྲིང་བར་བར་གསེང་མེད་པའི་རླུང་ཁམས་ཆེན་པོའི་སྦགས་བཙོག་གི་གནམ་གཤིས་ཆ་རྐྱེན་གྱི་སྔོན་བརྡ་རྒྱུན་མཐུད་བཏང་སྟེ། འབྱུང་ཁུངས་མང་བའི་དཔྱད་གཞི་མཉམ་འདྲེས་བེད་སྤྱོད་དང་། རླུང་ཁམས་ཆེན་པོའི་སྦགས་བཙོག་གི་གྲུབ་རྐྱེན། གནམ་གཤིས་ཀྱི་ཤུགས་རྐྱེན་བཅས་ཐད་ཚན་ཞིབ་འགག་སྒྲོལ་རྒྱུན་མཐུད་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།