གནམ་གྲུར་བརྟེན་ནས་ཞིང་སྨན་གཏོར། ཐོན་འབབ་ཡོང་བར་རམ་འདེགས་བྱས།
ཉེ་ཆར། ཧེ་ལུང་ཅང་གསར་སྦོལ་ཁུལ་པེ་ཏ་ཧོང་ཚོགས་པའི་ཞིང་ལས་ཐོན་སྐྱེད་སྡེ་ཚན་ཁག་གི་སྐམ་ཞིང་དུ་གནམ་གྲུས་ཞིང་སྨན་གཏོར་བའི་ལས་སྒོ་གཅིག་རྗེས་གཉིས་མཐུད་ངང་སྤེལ་ཞིང་། སྐམ་ཞིང་མུའུ་ཁྲི་3000ལྷག་ཙམ་གྱི་ལོ་ཏོག་སྐྱེ་འཚར་ཡག་པོ་ཡོང་བར“ལུས་སྦྱོང་ནད་འགོག”བྱས་ནས་འབྲུ་རིགས་ཐོན་འཕར་དང་ལོ་ལེགས་ཡོང་རྒྱུར་རམ་འདེགས་བྱས་པ་རེད། འདི་ནི་པེ་ཏ་ཧོང་ཚོགས་པའི་པེ་ཨན་ཡན་ལག་ཀུང་སིའི་ཀྲའོ་ཀོང་ཞིང་ར་ཚད་ཡོད་ཀུང་སིའི་དོ་དམ་ཁུལ་ལྔ་པར་ཞིང་སྤྱོད་གནམ་གྲུས་ཞིང་སྨན་གཏོར་བཞིན་པ།
འབྲེལ་ཡོད་གསར་འགྱུར།