དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཁུ་པའི་ཙུང་ལིས་བརྗོད་དོན།

    ཁུ་པས་ཨ་རིའི་དགྲར་འཛིན་སྲིད་ཇུས་ལ་དཔའ་ཞུམ་མི་སྲིད།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-31

    ཤིན་ཧྭ་གསར་འགྱུར་ཁང་ཁུ་པའི་གྲོང་ཁྱེར་ཞེ་ཀེ་ཏེ་ཨ་ཝུའེ་ལཱ་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཉེ་ཆར། ཁུ་པའི་ཙུང་ལི་མཱ་ལེ་ལུའོ་ཡིས“7·26རྒྱལ་ཁབ་ཀྱི་འོས་ལངས་ཉིན་མོའི”དྲན་གསོའི་བྱེད་སྒོའི་ཐོག ཁུ་པས་ཨ་རིའི་དགྲར་འཛིན་སྲིད་ཇུས་ལ་དཔའ་མི་ཞུམ་པར་དཀའ་ངལ་སྣ་ཚོགས་ལས་རྣམ་པར་རྒྱལ་ནས། རིན་དོད་ཡོད་ཚད་ལ་མ་འཛེམས་པར་རྒྱལ་ཁབ་ཀྱི་ལ་རྒྱ་སྲུང་གི་ཡིན་ཞེས་བརྗོད།

    ཉིན་དེར་ཁུ་པའི་དབུས་རྒྱུད་གྲོང་ཁྱེར་ཞེ་ཀེ་ཏེ་ཨ་ཝུའེ་ལཱར་བྱེད་སྒོ་སྤེལ་ནས“7·26རྒྱལ་ཁབ་ཀྱི་འོས་ལངས་ཉིན་མོར”དྲན་གསོ་ཞུས་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་ཁུ་པའི་དམངས་ཚོགས་ཁྲི་1ཙམ་གྱིས་རྒྱལ་དར་དང“7·26”ལས་འགུལ་གྱི་མཚོན་རྟགས་རང་བཞིན་གྱི་དར་ཆ་དམར་ནག་ལག་ཏུ་བཟུང་སྟེ་རྒྱལ་གཅེས་འབོད་ཚིག་མཐོན་པོར་འབོད་པ་རེད། ཁུ་པའི་གསར་བརྗེའི་འགོ་ཁྲིད་པ་ལོར·ཁ་སི་ཐེ་ལུའོ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སི·ཁཱ་ནེར་སོགས་བྱེད་སྒོར་ཞུགས་པ་རེད།

    མཱ་ལེ་ལུའོ་ཡིས་གསུང་བཤད་གནང་སྐབས། ཨ་རི་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་ཁུ་པར་དགྲར་འཛིན་སྲིད་ཇུས་སྤྱད་དེ“དམག་འཁྲུག་སྐབས་ཀྱི་བསྐོར་སྐྱིལ”དང་འདྲ་བའི་གདུག་རྩུབ་ཆེ་བའི་བཀག་སྡོམ་མ་ལག་ཆ་ཚང་ཞིག་བཙུགས་ཏེ། དཔལ་འབྱོར་ཐོག་ནས་ཁུ་པར་མགོ་གནོན་གྱིས་མི་དམངས་རེ་ཐག་ཆད་པ་དང་མ་འདོད་པའི་བསམ་ཚུལ་སློང་རྩིས་བྱས་པར་སྐྱོན་བརྗོད་བྱས་པ་རེད། མཱ་ལེ་ལུའོ་ཡིས། མིག་སྔར་ཁུ་པར་སྔར་བྱུང་མྱོང་མེད་པའི་འགྲན་སློང་འཕྲད་མོད། འོན་ཀྱང་ཁུ་པའི་མི་དམངས་ནི་སྔར་བཞིན་གསར་བརྗེའི་ལོ་རབས་དང་འདྲ་བར་བློ་བརྟན་འགྱུར་མེད་དང་སྤྲོ་སྣང་ལྡན་པ་ཞིག་ཡིན་པས་རྒྱལ་ཁ་ཐོབ་པར་ཡིད་ཆེས་བརྟན་པོ་ཡོད་ལ། “ཁུ་པས་མགོ་སྒུར་མི་སྲིད་པ་དང་དཔའ་ཡང་ཞུམ་མི་སྲིད་ལ། མི་སུ་འདྲ་ཞིག་ལའང་པུས་མོ་འཛུགས་མི་སྲིད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།