དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཅིན་ཀྲེང་ཨེན་གྱིས་ཀྲུང་ཁྲའོ་མཛའ་གྲོགས་མཆོད་རྟེན་ལ་མཇལ་ཁ་ཞུས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-31

    ཉེ་ཆར། ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱིས་ཁྲའོ་ཞན་གྱི་རྒྱལ་ས་ཕོང་དབྱང་དུ་ཀྲུང་ཁྲའོ་མཛའ་གྲོགས་མཆོད་རྟེན་ལ་མཇལ་ཁ་ཞུས་ཏེ། ཁྲའོ་ཞན་མེས་རྒྱལ་གྱི་བཅིངས་འགྲོལ་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་72འཁོར་བར་དྲན་གསོ་ཞུས་པ་རེད།

    གནས་ཚུལ་སྤེལ་བར་གཞིགས་ན། ཁྲའོ་ཞན་ཕྱོགས་ཀྱིས་ཅིན་ཀྲེང་ཨེན་གྱི་མིང་ཐོག་ནས་མཛའ་གྲོགས་མཆོད་རྟེན་ལ་འདས་མཆོད་མེ་ཏོག་ཕྲེང་བ་ཕུལ་བ་རེད། ཅིན་ཀྲེང་ཨེན་གྱིས། “མེས་རྒྱལ་གྱི་བཅིངས་འགྲོལ་དམག་འཁྲུག་ལ་རྒྱལ་ཁ་རླབས་པོ་ཆེ་ཐོབ་པའི་ལོ་རྒྱུས་དེབ་ཐེར་ཐོག་འཁོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་འཐབ་འཛིང་བྱས་རྗེས་ང་ཚོས་ནམ་ཡང་བརྗེད་མི་སྲིད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།