ད་ལོའི་ལོ་སྟོད་དུ་ཀོང་ཤིས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་གྲངས་གནས་གཉིས་འཕར་བ།
གསར་འགོད་པར་ནན་ཉིང་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། ད་ལོའི་ལོ་སྟོད་དུ་ཀོང་ཤིས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་3871.5ཟིན་པ་དེ་དུས་མཚུངས་ལས་13%འཕར་བ་དང་། རྒྱལ་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་འཕར་ཚད་ལས་བརྒྱ་ཆའི་གྲངས་10.1མཐོ་བ་ཡོད། དེའི་ནང་ཀོང་ཤིས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་2000ལྷག་ཟིན་ཏེ་གྲངས་གནས་གཉིས་འཕར་ཡོད།
ནན་ཉིང་འགག་སྒོ་ལས་ཁུངས་ཀྱི་བསྡོམས་རྩིས་ལྟར་ན། ད་ལོའི་ལོ་སྟོད་དུ་ཀོང་ཤིས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་2060.8ཟིན་ཏེ་11.9%འཕར་བ་དེ་དུས་མཚུངས་ཀྱི་ཀོང་ཤིས་ཀྱི་ཕྱི་ཕྱོགས་ཚོང་དོན་བསྡོམས་འབོར་གྱི་53.2%བཟུང་ཡོད། དེའི་ནང་ཝེ་ཐེ་ནམ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་1498.8ཟིན་ཏེ་4.3%འཕར་ཡོད།
གསར་དར་ལས་རྣམ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དེ་ཀོང་ཤིས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་བྱས་པའི་ཚོང་དོན་གྱི་བཀྲག་མདངས་འཚེར་སའི་གྲས་ཤིག་ཡིན་ཞིང་། ལོ་སྟོད་དུ་ཀོང་ཤིས་ཀྱི་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ལས་སྟེགས་ཀྱིས་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་257.6ཟིན་ཏེ་145.9%འཕར་བའི་ནང་ནས་མང་ཆེ་བ་ནི་ཕྱིར་གཏོང་ལས་སྒོ་ཡིན་པ་དང་། གཙོ་བོ་ཐེ་ལན་དང་ཝེ་ཐེ་ནམ་སོགས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ལ་ཕྱིར་ཚོང་བྱེད་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།