དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འབྲུབ་འགོག་དང་ཉེན་སེལ་གུད་སྐྱོབ་ནང་གཞི་རིམ་ཏང་རྩ་འཛུཌ་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་རྒྱ་ཆེའི་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་དགོས་པའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་བརྡ་ཐོ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-07-31

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཧྭ་ཤར་དང་། ཧྭ་བྱང་། བྱང་ཤར་སོགས་ས་ཁུལ་དུ་དྲག་ཆར་བསྟུད་མར་བབས་ནས་ཆུ་ལོག་དང་ས་གཤིས་ཀྱི་གནོད་འཚེ་ཐོན་ཏེ་པེ་ཅིང་དང་། ཧོ་པེ། ཅི་ལིན། ཧྲན་ཏུང་སོགས་སུ་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་ཕོག་ཡོད། མིག་སྔར་རང་རྒྱལ་འདི་ཉིད་ཆུ་ལོག་སྔོན་འགོག་གི་འགག་རྩའི་དུས་དང་རྒྱ་མཚོའི་རླུང་འཚུབ་ཐོན་མང་བའི་དུས་སུ་སླེབས་ཡོད་པས། འབྲུབ་འགོག་གི་དུས་བབ་རྙོག་འཛིང་ཆེ་ལ་ཛ་དྲག་པོ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲུབ་འགོག་དང་ཉེན་སེལ་གུད་སྐྱོབ་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱ་ཆེད། ད་ལྟ་འབྲུབ་འགོག་དང་ཉེན་སེལ་གུད་སྐྱོབ་ནང་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་རྒྱ་ཆེའི་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱེད་དགོས་པའི་འབྲེལ་ཡོད་དོན་གནད་བརྡ་ཐོ་གཏོང་རྒྱུ་གཤམ་གསལ།

    གཅིག རིམ་ཁག་འགོ་ཁྲིད་ལས་བྱེད་པས་མཐའ་ཚད་ཀྱི་བསམ་གཞིག་དང་མཐའ་ཟད་ཀྱི་བསམ་གཞིག་བརྟན་དུ་བཏང་ནས་འབྲུབ་འགོག་དང་ཉེན་སེལ་གུད་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་བྱ་རྒྱུ་ཨང་དང་པོར་བཞག་ནས་འབྲུབ་འགོག་དང་ཉེན་སེལ་གུད་སྐྱོབ་ཀྱི་རྩ་བ་དམ་པོར་བཟུང་བ་དང་། འབྲུབ་འགོག་གི་བྱེད་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་བྱེད་པ། འབྲུབ་འགོག་དང་ཉེན་སེལ་གུད་སྐྱོབ་ཀྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་བཅས་བྱས་ཏེ་འབྲུབ་ཆུ་བདེ་འཇགས་ངང་སྒྲོལ་ཐུབ་པའི་འགན་ལེན་བྱེད་དགོས། སྤྱི་འདོམས་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ་དང་། སྣེ་ཁྲིད་ནས་འཕྲལ་སྡོམ་སྡོད་བྱ་བྱེད་པ། ས་ཁུལ་དེ་གའི་འབྲུབ་ཆུའི་གནས་ཚུལ་ལ་དོ་ཁུར་དམ་ཟབ་དང་ཚན་རིག་དང་མཐུན་པའི་སྒོ་ནས་བརྡར་གཅོད། ཉམས་ཞན་ལྷུ་ཚིགས་དང་གཙོ་གནད་ཁུལ་ལ་དམ་པོར་དམིགས་པ། ཕྱོགས་ཡོངས་ནས་གྲལ་བཤེར་དང་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ། སྔོན་བརྡ་དང་ལེན་མཉམ་འགུལ་དང་གཞི་རིམ་འགན་འཁུར་མི་སྣར་ཐད་ཀར་སྔོན་བརྡ་གཏོང་བའི་ལམ་སྲོལ་དོན་འཁྱོལ་ནན་པོ་བཅས་བྱས་ཏེ། ཐོལ་བྱུང་ཛ་དྲག་གི་གནས་ཚུལ་ཐོན་རྗེས་འཕྲལ་མར་དང་ལེན་དང་འཕྲལ་མར་ཐག་གཅོད་ཐུབ་པའི་འགན་ལེན་བྱེད་དགོས། དགོས་མཁོ་དངོས་ལ་གཞིགས་ནས་འཕྲལ་མར་འཐབ་ས་དང་པོར་བསྐྱོད་པ་དང་ས་ཡུལ་དངོས་ཀྱི་བཀོད་འདོམས་ལ་ཤུགས་སྣོན་རྒྱག་པ་དང་། རོགས་སྐྱོབ་སྟོབས་ཤུགས་དང་གུད་སྐྱོབ་དངོས་ཟོག་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག འབྲུབ་འགོག་དང་ཉེན་སེལ་གུད་སྐྱོབ་ལས་དོན་ཁག་ཡག་པོ་སྒྲུབ་པ། འབྲེལ་ཆད་དང་ཉེན་གྱར་མི་སྣ་འཚོལ་སྐྱོབ་ཧུར་ཐག ཉེན་ཁ་འཕྲད་པའི་མང་ཚོགས་བློ་ཐག་ཆོད་པོས་གནས་སྤོ་བཀོད་སྒྲིག་བཅས་བྱས་ཏེ། ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་མི་སྣ་ཤི་རྨས་ཉུང་དུ་གཏོང་བ་དང་ཞོར་ཐོན་གནོད་འཚེ་སྔོན་འགོག་བྱེད་དགོས། དེ་དང་ཆབས་ཅིག ཐན་འགོག་དང་གནོད་འཚེ་ཉུང་གཏོང་སྤྱི་འདོམས་དམ་འཛིན་བྱས་ཏེ་ཐན་སྐྱོན་དང་ཞོད་སྐྱོན་ལས་བྱུང་བའི་གནོད་འཚེའི་ཉེན་ཁ་ནུས་ལྡན་ངང་འགོག་པ་དང་ཁ་གཏད་གཅོག་དགོས།

    གཉིས། གནོད་འཚེ་ཕོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་ས་སྲུང་གི་འགན་འཁྲི་ཁུར་ནས་གནོད་འཚེ་ཐོན་སར་བསྐྱོད་དེ་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་འགོག་རགས་བརྟན་དུ་གཏོང་དགོས། གནོད་འཚེའི་གནས་ཚུལ་བཀའ་རྒྱར་བརྩིས་ཏེ། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་བཏོན་ནས་ཏང་ཡོན་དང་མང་ཚོགས་སྒྲིག་འཛུགས་བྱས་ཏེ་འབྲུབ་འགོག་དང་ཉེན་སེལ་གུད་སྐྱོབ་ལས་དོན་ནང་ཧུར་ཐག་ཞུགས་དགོས། གེགས་འགོག་དང་གནོད་འཚེ་ཉུང་གཏོང་གི་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ་དང་། མཉམ་འབྲེལ་དྲ་རྒྱ་དང་། ལག་ཐོགས་ཁ་པར། ཤང་དང་གྲོང་ཚོའི་རླུང་འཕྲིན་སོགས་སྨྱན་སྦྱོར་སྤྱད་དེ་དུས་ཐོག་ཏུ་གནོད་འཚེའི་སྔོན་བརྡ་དང་། སྔོན་འགོག་བྱེད་ཐབས། ཁ་གཏད་གཅོག་ཚུལ་སོགས་ཀྱི་ཆ་འཕྲིན་དུད་ཚང་ཚང་མར་དྲིལ་བསྒྲགས་དང་མི་ཚང་མར་དོན་འཁྱོལ་ཐུབ་པར་བྱས་ཏེ་མང་ཚོགས་ཀྱི་གེགས་འགོག་ཉེན་ཡོལ་གྱི་འདུ་ཤེས་དང་རང་སྐྱོབ་ནུས་པ་ཆེ་རུ་གཏོང་དགོས། ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། གྲོང་ཚོའི(སྡེ་ཁུལ)དྲ་བའི“མདུན་ཕྱོགས་ཀྱི་སོ་ལྟའི”ནུས་པ་འདོན་པ། གཙོ་གནད་གཙང་པོ་དང་ཆུ་བོ་དང་། ཆུ་མཛོད་དང་ཆུ་རགས། ལས་གྲྭ་གལ་ཆེན། ཉེན་ཁ་ཆེ་བའི་ལས་ཡུལ་དང་དུམ་བུ། ཤྭ་འོད་ཀྱི་གནོད་འཚེའི་ཉེན་ཁ་ཆེ་ཁུལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་ལོག་ཐོན་སླ་ཁུལ་སོགས་འབྲུབ་འགོག་གི་གཙོ་གནད་ཁུལ་ཁོངས་ལ་སྐོར་ཞིབ་དང་གྲལ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཤེས་རྟོགས་བྱུང་བའི་ཉེན་ཁ་དང་གནོད་འཚེའི་གནས་ཚུལ་སྙན་སེང་དུས་ཐོག་ཏུ་ཞུ་བ་དང་ཐག་གཅོད་བྱེད་པ། ཉེན་གྱར་མང་ཚོགས་དུས་ཐོག་ཏུ་གནས་སྤོ་བཅས་བྱས་ཏེ་གནས་སྤོ་བྱེད་དགོས་རིགས་ཚང་མ་གནས་སྤོ་ཐུབ་པ་དང་གནས་སྤོ་སྔ་ཙམ་བྱེད་དགོས། ཤང་དང་གྲོང་རྡལ(ཁྲོམ་གཞུང)དང་གྲོང་ཚོའི(སྡེ་ཁུལ)ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་དྲ་རྒྱར་བརྟེན་ནས། ཁྱིམ་ཚང་ཚང་མའི་གནོད་འཚེའི་གནས་ཚུལ་ལ་གྲལ་བཤེར་དང་། ཉེན་གྱར་མང་ཚོགས་སྐྱོབ་པ། གནོད་འཚེ་ཕོག་པའི་ས་ཁུལ་གྱི་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་ཡོང་བར་སྐུལ་འདེད་མགྱོགས་མྱུར་གཏོང་བ་བཅས་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ལ་ལྟོ་ཆས་དང་། གྱོན་ཆས། སྡོད་ཁང་། འཐུང་ཆུ་གཙང་མ་བཅས་ཡོད་པ་བྱེད་དགོས་ལ། ནད་གཞི་དུས་ཐོག་ཏུ་སྨན་བཅོས་བྱས་ཏེ་གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་བཀོད་སྒྲིག་རོགས་སྐྱོབ་དང་གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་ཧུར་ཐག་སྒྲུབ་དགོས། ཏང་ཡོན་གྱི་འཕྲལ་སྡོམ་སྐུལ་སློང་གི་ནུས་པ་འདོན་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱས་ནས་ཏང་ཡོན་འཕྲལ་སྒྲུབ་རུ་ཁག་དང་དང་བླངས་ཞབས་ཞུའི་རུ་ཁག་འཛུགས་པ་དང་། ཏང་ཡོན་གྱི་གདོང་ལེན་ལས་གནས་དང་འགན་འཁྲིའི་ཁུལ་འཛུགས་པ་སོགས་ཀྱི་བྱ་ཐབས་བརྒྱུད། གྲོང་ཚོ(སྡེ་ཁུལ)ཡི་ཏང་ཡོན་སྒྲིག་འཛུགས་བྱས་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་ནུས་ཤུགས་ཡོད་རྒུས་གེགས་འགོག་བྱེད་དགོས། གནོད་འཚེ་ཆེ་ཆུང་ལ་གཞིགས་ནས་ལས་ཁུངས་དང་གཞུང་ཁོངས་ཁེ་ལས་དང་བྱ་གཞག་ཚན་པའི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་གནོད་འཚེ་ཐོན་སར་བསྐྱོད་དེ་ཤང་དང་གྲོང་རྡལ(ཁྲོམ་གཞུང)དང་གྲོང་ཚོའི(སྡེ་ཁུལ)ལས་བྱེད་པ་དང་གྲོང་སྡོད་ལས་བྱེད་པ་དང་མཉམ་དུ་འབྲུབ་འགོག་ཉེན་སེལ་དང་གུད་སྐྱོབ་བྱེད་དགོས། དྲ་འབོད་རླངས་འཁོར་གྱི་ཁ་ལོ་བ་དང་། ཟོག་འཁོར་གྱི་ཁ་ལོ་བ་། དྲ་འབོད་སྡེབ་སྐྱེལ་བ། མྱུར་སྐྱེལ་བ་སོགས་ལས་ཞུགས་ཚོགས་སྤྱི་གསར་པའི་ཁྲོད་ཀྱི་ཏང་ཡོན་ལ་སྐུལ་སློང་ཧུར་ཐག་བྱས་ཏེ་རང་ཉིད་ཀྱི་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཉེ་འགྲམ་གྱི་འབྲུག་འགོག་ཉེན་སེལ་དང་གུད་སྐྱོབ་ནང་ཞུགས་དགོས།

    གསུམ། རིམ་ཁག་ཏང་ཨུད་དང་རྩ་འཛུགས་སྡེ་ཚན་གྱིས་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་འབྲུབ་འགོག་ཉེན་སེལ་དང་གུད་སྐྱོབ་ཁྲོད་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤོབས་སེམས་ཆེན་པོས་འགན་འཁྲི་འཁུར་རྒྱུར་སྐུལ་ལྕག་བྱེད་དགོས། འབྲུབ་འགོག་ཉེན་སེལ་དང་གུད་སྐྱོབ་ཀྱི་འཐབ་ཕྱོགས་དང་པོ་ནས་ལས་བྱེད་པར་རྟོག་ཞིབ་དང་ཤེས་རྟོགས་བྱེད་པ་དང་། འཕྲལ་མཁོ་དང་། དཀའ་ངལ། ཉེན་ཆེ་བཅས་ཀྱི་ལས་འགན་ཁྲོད་ཀྱི་ལས་ཀའི་རྣམ་འགྱུར་དེ་ལས་བྱེད་པར་གདེང་འཇོག་བྱེད་པའི་གཞི་འཛིན་ས་གལ་ཆེན་ལ་བརྩི་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱིས་ཏང་ཞུགས་ཧུར་བརྩོན་ཅན་ལ་ཤེས་རྟོགས་དང་ཚོད་བགམ་བྱ་རྒྱུར་མཛུབ་ཁྲིད་བྱས་ཏེ་ལས་ཀའི་རྣམ་འགྱུར་ལེགས་པ་དང་ཆ་རྐྱེན་དང་འཚམ་རིགས་དུས་ཐོག་ཏུ་ཏང་ནང་ཞུགས་རྒྱུར་ཁྲིད་སྟོན་བྱེད་དགོས། འབྲུབ་འགོག་ཉེན་སེལ་དང་གུད་སྐྱོབ་ཁྲོད་ནས་ཐོན་པའི་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པའི་སྔོན་ཐོན་དཔེ་མཚོན་ཤེས་རྟོགས་དང་། དྲིལ་བསྒྲགས། གཟེངས་བསྟོད་བཅས་བྱ་རྒྱུར་གཙིགས་ཆེན་བྱས་ཏེ་ཁོང་ཚོའི་མི་སེམས་འགུལ་བའི་བྱས་རྗེས་དང་བླ་ན་མེད་པའི་སྙིང་སྟོབས་དྲིལ་བསྒྲགས་རྒྱ་ཁྱབ་བྱེད་དགོས། འབྲུབ་འགོག་ཉེན་སེལ་དང་གུད་སྐྱོབ་ཀྱི་འཐབ་ཕྱོགས་དང་པོའི་ཏང་ཡོན་ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། འབྲེལ་ཡོད་ཕྱོགས་དང་མཉམ་དུ་གཞུང་དོན་དུ་སྐུ་གཤེགས་པའི་ཏང་ཡོན་ལས་བྱེད་པའི་ནང་མིར་དུས་ཐོག་ཏུ་འཆི་གོད་གྱོང་གསབ་སྤྲོད་པ་དང་འཚམས་འདྲི་བྱེད་དགོས་པ་མ་ཟད། དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱེད་དགོས། འབྲེལ་ཡོད་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱིས་ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཏང་དངུལ་ཡག་པོ་སྤྱོད་པ་དང་འབྲེལ། དོན་དངོས་དང་ཟུང་འབྲེལ་བྱས་ནས་རིམ་པ་དེ་གས་དོ་དམ་བྱེད་པའི་ཏང་དངུལ་ཁྲོད་ནས་མ་དངུལ་དོན་འཁྱོལ་བྱས་ཏེ་དུས་ཐོག་ཏུ་གཞི་རིམ་ལ་གཏོང་སྤྲོད་བྱས་ནས་ཆེད་དངུལ་ཆེད་སྤྱོད་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།