དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཁག་བཅུ་གཅིག་པའི་བོད་སྐྱོར་དང་ཁག་དྲུག་པའི་མཚོ་སྐྱོར་གྱི་ལས་བྱེད་ཤེས་ལྡན་པ་བོད་དང་མཚོ་སྔོན་དུ་ལས་དོན་སྒྲུབ་པར་བསྐྱོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-30

    ཟླ་7ཚེས་27ཉིན། ཀྲུང་དབྱང་རྩ་འཛུགས་པུའུ་དང་། མི་ཤུགས་ཐོན་ཁུངས་པུའུ། སྤྱི་ཚོགས་འགན་སྲུང་པུའུ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ཁག་སོ་སོར་རུ་སྣེ་འཁྲིད་དེ་ཀྲུང་དབྱང་ཚན་པའི་ཁག་བཅུ་གཅིག་པའི་བོད་སྐྱོར་དང་ཁག་དྲུག་པའི་མཚོ་སྐྱོར་གྱི་ལས་བྱེད་ཤེས་ལྡན་པ་ལྷ་ས་དང་ཟི་ལིང་དུ་འབྱོར་བ་རེད། ཉེ་ཆར། ཞིང་ཆེན་དང་གྲོང་ཁྱེར་ཁག་གི་བོད་སྐྱོར་དང་མཚོ་སྐྱོར་གྱི་ལས་བྱེད་ཤེས་ལྡན་པའང་བོད་ལྗོངས་དང་མཚོ་སྔོན་སོ་སོར་འབྱོར་ཡོད། དེས་ན་ཁག་བཅུ་གཅིག་པའི་བོད་སྐྱོར་དང་ཁག་དྲུག་པའི་མཚོ་སྐྱོར་གྱི་ལས་བྱེད་ཤེས་ལྡན་པས་དུས་ཡུན་ལོ་གསུམ་གྱི་བོད་སྐྱོར་དང་མཚོ་སྐྱོར་གྱི་ལས་དོན་ཡང་སྤེལ་འགོ་ཚུགས་པ་མཚོན་ཡོད།

    ད་ལོ་ཀྲུང་དབྱང་རྩ་འཛུགས་པུའུ་དང་། མི་ཤུགས་ཐོན་ཁུངས། སྤྱི་ཚོགས་འགན་སྲུང་པུའུ་བཅས་ཀྱིས་ཁག་བཅུ་གཅིག་པའི་བོད་སྐྱོར་དང་ཁག་དྲུག་པའི་མཚོ་སྐྱོར་གྱི་ལས་བྱེད་ཤེས་ལྡན་པ་འདེམས་གཏོང་བརྗེ་རེས་ཀྱི་ལས་དོན་སྤེལ་བ་རེད། ཁག་གསར་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པ་2156དང་མཚོ་སྐྱོར་ལས་བྱེད་ཤེས་ལྡན་པ་480དེ་དག་ཀྲུང་དབྱང་ཚན་པ་112དང་ཞིང་ཆེན་དང་གྲོང་ཁྱེར་17ནས་ཡོང་བའི་ལོ་ན་གཞོན་ཞིང་འཇོན་ཐང་ཆེ་བ་དང་། ཕྱོགས་བསྡུས་ཀྱི་བྱང་ཚད་ཅུང་མཐོ་བ། ཀྲུང་གུང་ཏང་ཡོན་ཡིན་པ། སློབ་ཆེན་གྱི་དངོས་གཞི་དང་དེ་ཡན་གྱི་སློབ་རྒྱུས་ལྡན་པའི་མི་སྣ་དང་ཆེད་ལས་ལག་རྩལ་ཤེས་ལྡན་པའི་བསྡུར་གྲངས་ཅུང་མང་བ། བློ་མཐུན་མི་ཉུང་བ་ཞིག་ནི་ས་གནས་དེ་ག་དང་ཚན་པ་དེ་གའི་ཕུལ་བྱུང་ན་གཞོན་ལས་བྱེད་པ་ཡིན་པས། ཡོང་ཁུངས་གྲུབ་ཚུལ་ལུགས་དང་མཐུན་པ་དང་། མི་སྣའི་གྲུབ་ཚུལ་དང་བྱེད་ནུས་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་ནང་ཁུལ་དུ་བཙུགས་པའི་ལས་ཁུངས་ནས་འདེམས་གཏོང་བྱས་པའི་ཏང་སྲིད་ལས་བྱེད་པ་དང་ཀྲུང་དབྱང་ཁེ་ལས་ཀྱིས་སྤྱི་ཁྱབ་པུའུ་ནས་འདེམས་གཏོང་བྱས་པའི་ལས་གཉེར་དོ་དམ་མི་སྣས་བསྡུར་གྲངས་བཟུང་ཚད་བཅས་ཚང་མ་ཁག་སྔོན་མ་ལས་ལེགས་སུ་ཤུགས་ཆེན་ཕྱིན་ཡོད་པ་དང་། ཞིང་ཆེན་དང་གྲོང་ཁྱེར་གྱིས་འདེམས་གཏོང་བྱས་པའི་ལས་བྱེད་ཤེས་ལྡན་པ་གྲོང་གསེབ་དར་རྒྱས་དང་། སྨན་བཅོས་སློབ་གསོ། སྐྱེ་ཁམས་སྲུང་སྐྱོང་སོགས་གཙོ་གནད་ཁྱབ་ཁོངས་སུ་ཁ་ཕྱོགས་ཡོད་པ་རེད།

    ཟླ་7ཚེས་28ནས་ཟླ་8ཚེས་2ཉིན་བར། ཀྲུང་དབྱང་རྩ་འཛུགས་པུའུ་དང་། མི་ཤུགས་ཐོན་ཁུངས་པུའུ། སྤྱི་ཚོགས་འགན་སྲུང་པུའུ་བཅས་ཀྱིས་བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་ཕྱོགས་དང་མཉམ་དུ་ལྷ་ས་དང་ཟི་ལིང་དུ་གསོ་སྦྱོང་འཛིན་གྲྭ་གཉེར་ནས་ཁག་གསར་པའི་བོད་སྐྱོར་དང་མཚོ་སྐྱོར་གྱི་ལས་བྱེད་ཤེས་ལྡན་པས་གནས་ཚུལ་གང་མགྱོགས་རྒྱུས་ལོན་ཡོང་བ་དང་། སྔ་ཙམ་ལས་གནས་ཐོག་ཞུགས་ཐུབ་པར་རོགས་རམ་བྱས་ཡོད། དེ་གོང་ཁ་གཏད་རོགས་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་རང་ཞིང་ཆེན་དང་གྲོང་ཁྱེར་གྱི་ཁག་གསར་པའི་བོད་སྐྱོར་དང་མཚོ་སྐྱོར་གྱི་ལས་བྱེད་ཤེས་ལྡན་པར་གསོ་སྦྱོང་བྱས་ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།