དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་དཔེ་དེབ་རྩེ་གྲ་380ལྷག་ཙམ་རྒྱལ་ཡོངས་ཀྱི་དཔེ་དེབ་འགྲེམས་ཚོགས་སུ་འགྲེམས་སྟོན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-30

    ཉེ་ཆར། རྒྱལ་ཡོངས་དཔེ་དེབ་ཉོ་ཚོང་འགྲེམས་ཚོགས་སྐབས་33པ་ཁྲུང་ཆིང་གཡོད་ལའེ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་འགོ་ཚུགས་ཤིང་། མཚོ་སྔོན་འགྲེམས་ཚོགས་ཀྱིས《གང་ཞིག་ནི་མཚོ་སྔོན་ཡིན་པ》དང《མཚོ་སྔོན་གྱི་དཔེ་དེབ》ཞེས་པ་སོགས་དཔེ་དེབ་རྩེ་གྲ་380ལྷག་ཙམ་འཁྱེར་ནས་འགྲེམས་ཚོགས་ནང་ཞུགས་པ་དང་འགྲེམས་ཚོགས་ཀྱི་གཞི་ཁྱོན་ལོ་རྒྱུས་ཀྱི་ཆེ་ཤོས་སུ་སླེབས་ཡོད་པ་རེད།

    སྐབས་འདིའི་དཔེ་དེབ་འགྲེམས་ཚོགས་ཀྱིས“དཔེ་དེབ་ཀྱི་དྲི་ཞིམ་འཐུལ་བའི་ཀྲུང་གོ དཔེ་ཀློག་གི་མཛེས་པ་ཉམས་སུ་མྱོང”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་རྒྱལ་ཡོངས་ཀྱི་དཔེ་སྐྲུན་ཚན་པ་ཆིག་སྟོང་ཙམ་འགྲེམས་ཚོགས་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ནས་དྲ་ཐོག་དང་དྲ་ཕྱིར་དཔེ་དེབ་ཁྲི་100ལྷག་ཙམ་འགྲེམས་སྟོན་བྱས་པ་རེད། འགྲེམས་ཚོགས་ཐོག་མཚོ་སྔོན་གྱི་ཚོགས་པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དང་། མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་། མཚོ་སྔོན་ཞིང་ཆེན་ཤིན་ཧྭ་འགྲེམས་སྤེལ(ཚོགས་པ)ཚད་ཡོད་འགན་འཁྲི་ཀུང་སི། མཚོ་སྔོན་ཅང་ཧོ་གློག་རྡུལ་དཔེ་སྐྲུན་ཁང་ཚད་ཡོད་ཀུང་སི། ཤིས་ཧའེ་མི་རིགས་སྒྲ་བརྙན་དཔེ་སྐྲུན་ཚད་ཡོད་ཀུང་སི། མཚོ་སྔོན་ཁུ་ནུ་སྒྲ་བརྙན་དཔེ་སྐྲུན་ཁང་ཚད་ཡོད་ཀུང་སི། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་པར་སྐྲུན་བཟོ་གྲྭ་སོགས་དཔེ་སྐྲུན་དང་པར་སྐྲུན་འགྲེམས་སྤེལ་ཚན་པ་ཁག་7བཅས་ལས་གྲུབ་པ་དང་། ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱིས“རིག་གནས་ལྔ”དར་སྤེལ་དང་དཔེ་སྐྲུན་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཐོབ་པའི་ཕུལ་བྱུང་གི་གྲུབ་འབྲས་དང་གཡུར་ཟའི་གྲུབ་འབྲས་གཙོ་གནད་ཐོག་འགྲེམས་སྟོན་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།