དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཁྲའོ་ཞན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་དུར་འཕྱག་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-30

    ཁྲའོ་ཞན་གྱི་དམག་འཁྲུག་མཚམས་བཞག་པའི་དྲན་གསོའི་ཉིན་མོ་འཆར་ཉེའི་མཚམས་སུ། ཉེ་ཆར། ཁྲའོ་ཞན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝང་ཡ་ཅུན་གྱིས་གཞུང་ཚབ་ཁང་གི་ཕྱི་འབྲེལ་དཔོན་སོགས་བཅས་པ་མི་70ལྷག་ཙམ་གྱི་སྣེ་ཁྲིད་དེ་ཕིང་ཨན་པེ་ཏའོ་ཆིའུ་ཁྲང་ཅུན་སོགས་ས་ཁུལ་དུ་བསྐྱོད་ནས། ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་དུར་འཕྱག་བྱས་ཏེ། ཨ་འགོག་ཁྲའོ་རོགས་ཀྱི་དམག་འཁྲུག་ནང་སྐུ་གཤེགས་པའི་དང་བླངས་དམག་གི་དཔའ་བོ་ཚོར་མྱ་ངན་ཞུས་པ་རེད།

    ཆིའུ་ཁྲང་ཅུན་གྱི་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་གཞུང་ཚབ་ཆེ་མོ་བ་ཝང་ཡ་ཅུན་གྱིས་ཀྲུང་གོ་ཕྱོགས་ཀྱི་མི་སྣའི་སྣེ་ཁྲིད་དེ་རུ་བསྒྲིགས་ནས་གུས་སྟབས་ཀྱིས་ལངས་ཏེ་སྐད་གསང་མཐོན་པོས་རྒྱལ་གླུ་བཏང་བ་མ་ཟད། དྲན་གསོའི་རྡོ་རིང་གི་མདུན་དུ་མེ་ཏོག་སི་ར་ཕུལ་བ་རེད།

    ཁྲའོ་ཞན་ཕྱོགས་ཀྱི་བང་སོའི་དོ་དམ་པས། ཁྲའོ་ཞན་དམངས་ཚོགས་ཀྱིས་དུས་ཆེན་གལ་ཆེན་སྐབས་སུ་དེ་གར་ཡོང་ནས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོ་ཚོར་མྱ་ངན་ཞུ་གི་ཡོད། སླད་ཕྱིན་བང་སོའི་སྐྱེད་ཚལ་སྲུང་སྐྱོང་དོ་དམ་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས། ཁྲའོ་ཞན་དང་ཀྲུང་གོའི་མཛའ་གྲོགས་རྒྱུན་འཛིན་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བཤད།

    གཞུང་ཚབ་ཆེ་མོ་བ་ཝང་ཡ་ཅུན་གྱིས་ཁྲའོ་ཞན་ངལ་རྩོལ་ཏང་དང་སྲིད་གཞུང་གིས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་བང་སོ་ཉམས་གསོ་སྲུང་སྐྱོང་ལས་དོན་ལ་མཐོང་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། ཀྲུང་ཁྲའོ་ཡི་སྲོལ་རྒྱུན་མཛའ་གྲོགས་ནི་ཁྲག་དྲོན་ནང་ཟབ་ཏུ་ཕྱིན་པ་ཞིག་ཡིན་པས། དེ་ནི་ཕྱོགས་གཉིས་པོའི་ཐུན་མོང་གི་རྩ་ཆེའི་རྒྱུ་ནོར་ཡིན། ད་ལོ་ནི་ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཕྱི་རྒྱལ་དུ་ཨ་འགོག་ཁྲའོ་རོགས་ཀྱི་དམག་འཐབ་བྱས་ནས་ལོ་75འཁོར་བའི་ལོ་རེད། ཀྲུང་ཁྲའོ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཀྲུང་ཁྲའོ་ཡི་སྲོལ་རྒྱུན་མཛའ་གྲོགས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་ཆེ་བ་ཐོབ་ནས། ས་ཁུལ་གྱི་ཞི་བདེ་སྲུང་སྐྱོང་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།