དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ཀྱིས་སོ་ཏི་ཨ་རབ་ཀྱི་ཁ་ལོ་བ་མེད་པའི་བདལ་གཏོང་རླངས་འཁོར་ཁག་དང་པོའི་ཚོད་ལྟའི་གཉེར་སྐྱོང་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-07-30

    ཚེས་23ཉིན། ཀྲུང་གོའི་རང་སྒུལ་ཁ་སྒྱུར་ཚན་རྩལ་ཀུང་སི་ཝུན་ཡོན་ཀྲེ་ཤིང་གིས་སོ་ཏི་ཨ་རབ་ཀྱི་རྒྱལ་ས་རི་ཡ་ཏེ་རུ་རྒྱལ་ཁབ་དེའི་ཁ་ལོ་བ་མེད་པའི་བདལ་གཏོང་རླངས་འཁོར་ཁག་དང་པོ་ཚོད་ལྟའི་གཉེར་སྐྱོང་གི་ཞབས་ཞུ་བྱེད་འགོ་བཙུགས་ཡོད།

    ཚོད་ལྟའི་གཉེར་སྐྱོང་གི་ཞབས་ཞུའི་ཁྱབ་ཁོངས་ནི་རྒྱལ་པོ་ཧ་ལི་ཏེ་རྒྱལ་སྤྱིའི་གནམ་ཐང་ནས་གྲོང་ཁྱེར་རི་ཡ་ཏེའི་ལྟེ་བའི་ཁུལ་ཁོངས་སུ་ཡིན་ཞིང་། དེའི་ནང་གཙོ་བོ་མྱུར་བགྲོད་གཞུང་ལམ་དང་གཏན་འཁེལ་བྱས་པའི་གྲོང་ཁྱེར་གྱི་ལྟེ་བའི་ལམ་དུམ་ཡིན་པ་དང་། ཁག་དང་པོར་གཉེར་སྐྱོང་རླངས་འཁོར་བཅུ་གྲངས་ཤིག་བཀོད་སྒྲིག་བྱས་ཡོད་པ་རེད།

    སོ་ཏི་ཨ་རབ་ཀྱི་འགྲིམ་འགྲུལ་དང་ཟོག་འགྲེམས་ཞབས་ཞུའི་བློན་ཆེན་ས་ལི་ཧེ·ཅཱ་ཤིར་གྱིས“ཁ་ལོ་བ་མེད་པའི་བདལ་གཏོང་རླངས་འཁོར་ཚོད་ལྟའི་གཉེར་སྐྱོང་བྱས་པ་དེ་ལས་སོ་ཏི་ཨ་རབ་ཀྱིས་འབྱུང་འགྱུར་གྱི་འགྲིམ་འགྲུལ་འཕེལ་རྒྱས་མདུན་ལམ་དང་རིག་ནུས་འགྲིམ་འགྲུལ་ཁྱབ་ཁོངས་ལ་འཐབ་ཇུས་རང་བཞིན་གྱི་མ་འཇོག་བྱས་པ་མཚོན་གྱི་ཡོད། ང་ཚོས་གསར་གཏོད་ལག་རྩལ་དོན་འཁྱོལ་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པ་དང་། ལས་ཕྱོད་ཆེ་བ། རྒྱུན་མཐུད་ཆོག་པ་བཅས་ཀྱི་འགྲིམ་འགྲུལ་མ་ལག་བཙུགས་ནས་དཔལ་འབྱོར་འཕར་བ་དང་གྲོང་མིའི་འཚོ་བའི་སྤུས་ཚད་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་གི་ཡིན”ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།