དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རི་གྲོང་ཆུང་ཆུང་ནང་གི་རྒྱལ་སྤྱིའི་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་འགྲན་བསྡུར།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-30

    ཟླ་7ཚེས་22ནས་ཚེས་27ཉིན་བར། 2025ལོའི“ཆའོ་ཤིན་བུམ་པའི”གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་གདན་ཞུའི་འགྲན་བསྡུར་སྐབས་དྲུག་པ་དང“ཆའོ་ཤིན་བུམ་པའི”རྒྱལ་སྤྱིའི་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་གདན་ཞུའི་འགྲན་བསྡུར་སྐབས་དང་པོ་ཧུའུ་ནན་ཞིང་ཆེན་ཧྲའོ་དབྱང་གྲོང་ཁྱེར་ལུང་ཧུའེ་རྫོང་ཤང་ཅཱ་གྲོང་ཚོར་སྤེལ་བ་རེད། སྐབས་འདིའི་འགྲན་བསྡུར་ལ“རྒྱལ་ནང་དང་རྒྱལ་སྤྱིའི”འགྲན་བསྡུར་གཉིས་མཉམ་འགུལ་ཐེངས་དང་པོ་མངོན་འགྱུར་བྱུང་ནས། རྒྱལ་ཁབ་7གྱི་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་རུ་ཁག་32ཤང་ཅཱ་གྲོང་ཚོའི་རྐང་རྩེད་སྤོ་ལོ་ཐང་དུ་འགྲན་བསྡུར་བྱེད་པའི་ཡིད་དབང་བཀུག་ཡོད་ཅིང་། འདི་ནི་2025ལོའི་ཟླ་7ཚེས་26ཉིན། ཧུའུ་ནན་ཞིང་ཆེན་ཧྲའོ་དབྱང་གྲོང་ཁྱེར་ལུང་ཧུའེ་རྫོང་ཡན་ཁོའུ་གྲོང་རྡལ་ཤང་ཅཱ་གྲོང་ཚོའི་རྐང་རྩེད་སྤོ་ལོ་ཐང་དུ་རི་པིན་གྱི་ཏིང་ཐེན་ཙེ་ཝེ་ཡ་རུ་ཁག་དང་ཁེན་ནི་ཡའི་པུའུ་ཏ་ལང་ཅི་རུ་ཁག་གཉིས་འགྲན་བསྡུར་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།