ཀྲུང་གོའི་གྲོང་ཁྱེར་9ལ“རྒྱལ་སྤྱིའི་འདམ་རའི་གྲོང་ཁྱེར”གྱི་ལག་ཁྱེར་རག་པ།
ཉེ་ཆར། ཝུའེ་ཏོ་ལི་ཡ་རྦབ་ཆུའི་གྲོང་དུ་སྤེལ་བའི《འདམ་རའི་སྤྱི་ཆིངས》ཀྱི་གན་རྒྱ་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་སྐབས་བཅོ་ལྔ་པར། ཀྲུང་གོའི་གྲོང་ཁྱེར་9ལ“རྒྱལ་སྤྱིའི་འདམ་རའི་གྲོང་ཁྱེར”གྱི་ཁས་ལེན་ལག་ཁྱེར་ཐོབ་ཡོད། དེས་ན་ཀྲུང་གོའི“རྒྱལ་སྤྱིའི་འདམ་རའི་གྲོང་ཁྱེར”བསྡོམས་22ཟིན་ནས་སྔར་བཞིན་གོ་ལ་ཧྲིལ་པོའི་ཨང་དང་པོ་ཡིན་པ་རེད། ད་རེས་ཁས་ལེན་ལག་ཁྱེར་ཐོབ་པའི་གྲོང་ཁྱེར་དགུ་པོ་ནི་ཧྲང་ཧའེ་ཁྲུང་མིང་དང་། ཡུན་ནན་ཏ་ལི། ཧྥུའུ་ཅན་ཧྥུའུ་ཀྲོའུ། ཀྲེ་ཅང་ཧང་ཀྲོའུ། ཅང་ཤིས་ཅིའུ་ཅང་། བོད་ལྗོངས་ལྷ་ས། ཅང་སུའུ་སུའུ་ཀྲོའུ། ཀྲེ་ཅང་ཝུན་ཀྲོའུ། ཧུའུ་ནན་གཡོད་དབྱང་བཅས་རེད། འདི་ནི་ཙམ་པབ་ཝེའི་ཝུའེ་ཏོ་ལི་ཡ་རྦབ་ཆུའི་གྲོང་དུ་སྤེལ་བའི《འདམ་རའི་སྤྱི་ཆིངས》ཀྱི་གན་རྒྱ་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་སྐབས་བཅོ་ལྔ་པར། 《འདམ་རའི་སྤྱི་ཆིངས》ཀྱི་དྲུང་ཆེ་མུའུ་སུང་ཏ·མོང་པ་ཡིས་ཀྲུང་གོའི་ཀྲེ་ཅང་ཧང་ཀྲོའུ་ཡི་འཐུས་མིར“རྒྱལ་སྤྱིའི་འདམ་རའི་གྲོང་ཁྱེར”གྱི་ལག་ཁྱེར་སྤྲོད་བཞིན་པ།
འབྲེལ་ཡོད་གསར་འགྱུར།