དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གྱོད་འབྲེལ་མ་དཔེ་སྒྲིག་གཤོམ་ཁང་ཐོག་མ་དེ་སྒོ་ཕྱེ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-30

    སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བའི་གྲུབ་འབྲས་དང་ཆོད་སེམས་མངོན་པར་བྱ་ཆེད། ཉེ་ཆར་རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གྱོད་འབྲེལ་མ་དཔེ་སྒྲིག་གཤོམ་ཁང་ཐོག་མ་དང་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་སའི་ཉེན་གཏོང་སློབ་གསོ་ཁང་གཞིས་རྩེ་གྲོང་ཁྱེར་དུ་དངོས་སུ་སྒོ་ཕྱེ་བ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། མ་དངུལ་སྒོར་ཁྲི་120ལྷག་ཙམ་བཏང་བའི་སྒྲིག་གཤོམ་ཁང་དེར་སྐྱེ་དངོས་དཔེ་འགྲེའི་ཁུལ་དང་། འགྲེམས་སྟོན་ཁུལ། བརྒྱུད་ལམ་སྣེ་མང་ཁུལ་བཅས་ལ་དབྱེ་ཡོད་པ་དང་། ཁྱོན་སྐམ་སྐྱེས་དང་ཆུ་སྐྱེས་རི་སྐྱེས་སྲོག་ཆགས་ཀྱི་དངོས་དཔེ་རིགས་42ཀྱི་ནང་དོན་105བསྡུ་རུབ་བྱས་ཤིང་། དེའི་ནང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྐམ་སྐྱེས་རི་སྐྱེས་སྲུང་སྐྱོང་སྲོག་ཆགས་ཀྱི་དངོས་དཔེ་དང་། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྐམ་སྐྱེས་རི་སྐྱེས་སྲུང་སྐྱོང་སྲོག་ཆགས་ཀྱི་དངོས་དཔེ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་ཆུ་སྐྱེས་རི་སྐྱེས་སྲུང་སྐྱོང་སྲོག་ཆགས་ཀྱི་དངོས་དཔེ་སོགས་ཚུད་ཡོད། དངོས་རྫས་དང་དངོས་དཔེར་བརྟེན་ནས་རི་སྐྱེས་སྲོག་ཆགས་འཚོ་སྡོད་དང་སྐྱེ་འཕེལ་གྱི་སྐྱེ་ཁམས་ཁོར་ཡུག་དང་སྐྱེ་དངོས་རིགས་ཀྱི་རྣམ་པ་གསོན་ཉམས་དོད་པོས་བཤམས་ཡོད།

    གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱ་ཡུལ་གྱི་གྲས་ཤིག་ཡིན་པའི་སྒྲིག་གཤོམ་ཁང་དེར་ཁ་ཆད་ལམ་ལུགས་ལག་བསྟར་བྱས་ཤིང་། སྲིད་འཛིན་ཁེ་ལས་དང་བྱ་གཞག་ཚན་པ་དང་། སློབ་གྲྭ་འབྲིང་ཆུང་། མང་ཚོགས་བཅས་ལ་སྒོ་ཕྱེ་བ་དེ་ནི་སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་ཚོགས་ཀྱི་སྤྱི་དམངས་ལ་སྐྱེ་དངོས་སྣ་མང་རང་བཞིན་དང་། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་གྲུབ་འབྲས། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ཕན་འབྲས་བཅས་འགྲེམས་སྟོན་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།