ཧུའུ་པེ་ཝུའུ་ཧན་གྱི་ཧྲོང་ལིའུ་འབྲི་ཆུའི་ཟམ་ཆེན་མཐུད་པ།
འདི་ནི་ཟམ་སྣེ་མཐུད་རྗེས་ཀྱི་ཧྲོང་ལིའུ་འབྲི་ཆུའི་ཟམ་ཆེན་ཡིན་པ།
ཚེས་26ཉིན་གྱི་སྔ་དྲོར། ལྷོ་བྱང་ངོགས་གཉིས་ཀྱི་ཟམ་གདུང་དུས་མཉམ་དུ་མཐུད་པ་དང་སྦྲགས། ཧུའུ་པེ་ཝུའུ་ཧན་གྱི་ཧྲོང་ལིའུ་འབྲི་ཆུའི་ཟམ་ཆེན་བདེ་བླག་ངང་མཐུད་ནས་ཟམ་ཆེན་གྱི་ཞོར་གཏོགས་ལས་གྲྭ་ཨར་སྐྲུན་དུས་མཚམས་སུ་སླེབས་པ་དང་། སྔོན་དཔག་ལྟར་ན་2026ལོའི་ཟླ་3པར་འཁོར་རིགས་ཤར་གཏོང་གི་ཚོད་ལྟ་བྱ་རྒྱུ་རེད།
ཤེས་རྟོགས་བྱུང་བ་ལྟར་ན། གྲུ་ཁ་གསར་པའི་མྱུར་བགྲོད་གཞུང་ལམ་ཝུའུ་ཧན་ཧྲོང་ལིའུ་འབྲི་ཆུའི་ཟམ་ཆེན་དང་འབྲེལ་མཐུད་ལས་གྲྭ་ནི་རྒྱལ་ཁབ་ཀྱི་མྱུར་བགྲོད་ལམ་དྲ་ཝུའུ་ཧན་གྲོང་ཁྱེར་འཁོར་རྒྱའི་སྒོར་ཐིག་གི་གྲུབ་ཆ་གལ་ཆེན་ཡིན་ལ། ལམ་ཐག་ཧྲིལ་པོར་སྤྱི་ལེ་35.043ཟིན་པ་དེའི་ནང་གཙང་སྒྲོལ་ཟམ་པ་གཙོ་བོར་སྨི་1430དང་ཇུས་འགོད་ཀྱི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་120ཟིན་པ་དང་། ཕྱོགས་གཉིས་འཁོར་ལམ་8ཀྱི་ཚད་གཞིར་བྱས་ནས་བསྐྲུན་ཡོད། ཧྲོང་ལིའུ་འབྲི་ཆུའི་ཟམ་ཆེན་བསྐྲུན་ནས་འཁོར་རིགས་ཤར་གཏོང་ཐུབ་རྗེས་ཝུའུ་ཧན་ཤིན་ཀྲོའུ་ནས་ཨེ་ཀྲོའུ་བར་སྐར་མ་90ནས་སྐར་མ་5བར་ཐུང་དུ་འགྲོ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།