དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འཛམ་གླིང་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་མེ་སོན་འཚོལ་བསྡུ་དང་དཔལ་འབར་བརྒྱུད་སྤྲོད་འགོ་ཚུགས་པའི་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-07-29

    ཟླ་7ཚེས་26ཉིན། སི་ཁྲོན་ཞིང་ཆེན་ཀོང་ཧན་གྲོང་ཁྱེར་དུ་འཛམ་གླིང་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་མེ་སོན་འཚོལ་བསྡུ་དང་དཔལ་འབར་བརྒྱུད་སྤྲོད་འགོ་ཚུགས་པའི་མཛད་སྒོ་སན་ཤིང་ཏུའེ་རྟེན་མཛོད་ཁང་གི་མཆོད་འབུལ་སྟེགས་བུའི་ཐང་ཆེན་དུ་འཚོགས་པ་རེད། འདི་ནི་འཛམ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ཐོག་དཔལ་འབར་བརྒྱུད་སྤྲོད་བྱེད་ཐེངས་དང་པོ་དེ་རེད།

    ཆུ་ཚོད་8དང་སྐར་མ་30ལ་དར་ཆ་སྲུང་མཁན་བརྒྱད་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་དང་རྒྱལ་སྤྱིའི་འཛམ་གླིང་ལུས་རྩལ་འགྲན་ཚོགས་མཐུན་ཚོགས་ཀྱི་ཚོགས་དར་སྲུང་སྐྱེལ་བྱས་ནས་འགྲན་རར་འཛུལ་སྐབས་ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་ལངས་ནས་རྒྱལ་གླུ་བཏང་བ་རེད།

    འཛམ་གླིང་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་ཟླ་8ཚེས་7ནས་ཚེས་17ཉིན་བར་ཁྲེང་ཏུའུ་རུ་འཚོག་རྒྱུ་ཡིན་ཞིང་། འཛམ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་མེ་སོན“འོད་ཤུགས་དང་། གློག མེ”བཅས་ཀྱི་བྱ་ཐབས་ནས་འཚོལ་བསྡུ་བྱས་པ་རེད། སན་ཤིང་ཏུའེ་རྟེན་མཛོད་ཁང་གི་འཐུས་མི་ཤའོ་ཤན་ཅིན་དང་ཅིན་ཧྲ་གནའ་ཤུལ་རྟེན་མཛོད་ཁང་གི་འཐུས་མི་ཀྲུའུ་ཀྲང་དབྱི་ཡིས་མཉམ་དུ་མེ་སོན་འཚོལ་བསྡུ་བྱས་པ་དང་མེ་སོན་སྲུང་སྐྱོབ་རུ་མི་གསུམ་གྱིས་མེ་སོན་དེ་མེ་སོན་གློག་སྒྲོན་ནང་བླུགས་པ་རེད།

    ཆུ་ཚོད་8དང་སྐར་མ་55ཙམ་ལ། དཔལ་འབར་བརྒྱུད་སྤྲོད་དངོས་སུ་འགོ་ཚུགས་པ་དང་ད་ཐེངས་ཀྱི་དཔལ་འབར་བརྒྱུད་སྤྲོད་ནང་དཔལ་འབར་འཁྱེར་མཁན་ཁྱོན་120ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།