དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས“ལས་རིགས་ཀྱི་བུ་ལོན་ཟུག་པའི”གཡོ་ཇུས་ལ་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས་པ།
ཉེ་དུས། ཁྲིམས་འགལ་ཉེས་གསོག་པས“རང་ཉིད་ཀྱི་ཡིད་རྟོན་ཆ་འཕྲིན་ཁོ་ནས་ཆོག་པ”དང་། “རང་ཉིད་ཀྱིས་བུ་ལོན་འཇལ་མི་དགོས་པ”“དུས་ཡུན་ཐུང་ངུའི་ནང་ཁེ་བཟང་ཆེན་པོ་རག་ཐུབ་པ”སོགས་ཀྱི་སྐད་ཆར་བརྟེན་ནས་བསླུ་བྲིད་བྱས་ཏེ་འཛད་སྤྱོད་པ“ལས་རིགས་ཀྱི་བུ་ལོན་ཟུག་པའི”གཡོ་འོག་ཏུ་ཚུད་དུ་འཇུག་གི་ཡོད། དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་དངུལ་རྩའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ཅུས་ཀྱིས་རྒྱ་ཆེའི་འཛད་སྤྱོད་པར་དོགས་ཟོན་ཆེར་སྐྱེད་བྱས་ནས“ལས་རིགས་ཀྱི་བུ་ལོན་ཟུག་པའི”གཡོ་ཇུས་འོག་མི་ཚུད་པ་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད།
མིག་སྔར། སྤྱི་བདེ་པུའུ་དང་དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་དངུལ་རྩའི་ཁྱབ་ཁོངས་ཀྱི་ཁྲིམས་འགལ་ཉེས་གསོག་སྣ་ཚོགས་ལ་རྡུང་རྡེག་གཏོང་བའི་ལས་དོན་མཉམ་འབྲེལ་ཐོག་སྤེལ་ནས། དངུལ་བུན་གཡོ་ལེན་དང་དངུལ་བུན་ཁ་བསླུས་སོགས་ཀྱི་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བཞིན་ཡོད། གལ་ཏེ་སྤྱི་དམངས་ཀྱིས“བུ་ལོན་ཟུག་ནས་ཁེ་བཟང་ལེན་པའི”གཡོ་ཐབས་བརྒྱུད་སྤེལ་བྱེད་པའམ་ཡང་ན་ཉེ་འགྲམ་དུ་དེ་དང་འདྲ་བའི་དཔྱད་གཞི་རྫུན་བཟོ་དང་དངུལ་བུན་གཡོ་ལེན་གྱི་བྱེད་སྤྱོད་ཡོད་པ་ཤེས་ཚེ། ངེས་པར་དུ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་འབྲེལ་དུས་ཐོག་ཏུ་དངུལ་རྩ་ལྟ་འདོམས་སོགས་འབྲེལ་ཡོད་སྡེ་ཚན་ལ་ཐེར་འདོན་བྱེད་པའམ་ཡང་ན་སྤྱི་བདེ་ལས་ཁུངས་སུ་སྙན་སེང་ཞུ་དགོས།
འབྲེལ་ཡོད་གསར་འགྱུར།