དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་སྲིད་གཞུང་གིས་འཛམ་གླིང་མི་ཐབས་རིག་ནུས་མཉམ་ལས་རྩ་འཛུགས་འཛུགས་རྒྱུའི་གྲོས་འགོ་བཏོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-07-29

    ཉེ་ཆར། ཀྲུང་གོ་སྲིད་གཞུང་གིས་འཛམ་གླིང་མི་ཐབས་རིག་ནུས་མཉམ་ལས་རྩ་འཛུགས་འཛུགས་རྒྱུའི་གྲོས་འགོ་བཏོན་པ་དང་སྤྱི་ཁྱབ་པུའུ་ཧྲང་ཧའེ་རུ་འཛུགས་རྒྱུའི་བསམ་གཞིག་རགས་ཙམ་བྱས་པ་རེད།

    གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། དེ་ནི་ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་དང་། མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད་ལ། ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་ལྷོ་ཕྱོཌ་ཀྱི་འབོད་སྒྲ་དང་ལེན་བྱེད་པ་དང་། གྲངས་འཛིན་དང་རིག་ནུས་ཀྱི་ཧེ་བག་སེལ་བར་རམ་འདེཌ་བྱེད་པ། མི་ཐབས་རིག་ནུས་དེ་དགེ་བརྩོན་ཀུན་ཕན་ལ་འཕེལ་རྒྱས་འགྲོ་བར་་སྐུལ་འདེད་གཏོང་བ་བཅས་ཀྱི་བྱ་སྤྱོད་དངོས་ཤིག་ཀྱང་རེད།

    ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་མི་ཐབས་རིག་ནུས་མཉམ་ལས་རྩ་འཛུགས་འཛུགས་རྒྱུའི་གྲོས་འགོ་བཏོན་པའི་དམིགས་ཡུལ་ནི་མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་ཆེད་རེད། ཀྲུང་གོ་ཕྱོགས་ཀྱིས་རྩ་འཛུགས་དེའི་སྤྱི་ཁྱབ་པུའུ་ཧྲང་ཧའེ་རུ་འཛུགས་རྒྱུའི་བསམ་གཞིག་རགས་ཙམ་བྱས་ནས་ཀྲུང་གོ་དང་། ལྷག་པར་དུ། ཧྲང་ཧའེ་ཡི་མི་ཐབས་རིག་ནུས་ཀྱི་སྔོན་སྤེལ་ལེགས་ཆ་སྤྱད་དེ། རྒྱལ་སྤྱིའི་ཐུན་མོང་ངོས་འཛིན་གཅིག་སྡུད་བྱས་ནས་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་མི་ཐབས་རིག་ནུས་ཀྱིས་མིའི་རིཌ་ཡོངས་ལ་བདེ་སྐྱིད་དངོས་བསྐྲུན་རྒྱུའི་རེ་བ་བྱེད་ཀྱི་ཡོད།

    ཀྲུང་གོ་ཕྱོགས་ཀྱིས་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་དེའི་ནང་ཞུགས་འདོད་ཡོད་པའི་རྒྱལ་ཁབ་དང་མཉམ་དུ་འབྲེལ་ཡོད་བཀོད་སྒྲིག་ལ་གྲོས་བསྡུར་བྱ་རྒྱུ་རེད། དེའི་ནང་བདག་དབང་གི་རྩ་དོན་ལ་བརྩི་འཇོག་བྱེད་པ་དང་། འདྲ་མཉམ་ངང་ཕན་ཚུན་ལྟ་སྟངས་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཁག་གིས་རང་ངོས་ཀྱི་རྒྱལ་བབ་དང་ཟུང་འབྲེལ་གྱིས་མི་ཐབས་རིག་ནུས་མཉམ་ལས་ལ་རྒྱབ་སྐྱོར་བྱེད་པ་བཅས་ཚུད་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་ལ་བརྩི་སྲུང་ཞུས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མི་ཐབས་རིག་ནུས་བཅོས་སྐྱོང་གི་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་དང་དེའི་འབྲེལ་ཡོད་སྒྲིག་གཞིས་འབད་བརྩོན་བྱེད་པར་ཕན་ཡོད་ཀྱི་ཁ་གསབ་མཁོ་འདོན་བྱ་རྒྱུ་རེད། སྒོ་དབྱེ་བསྟུན་མཁས་ཀྱི་རྣམ་འགྱུར་སྤྱད་དེ་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ནས་འཛམ་གླིང་གི་མི་ཐབས་རིག་ནུས་མཉམ་ལས་རྩ་འཛུགས་བརྒྱུད་ཐུན་མོང་གི་ངོས་འཛིན་སྔར་བས་གཅིག་སྒྲིལ་དང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།