ལོ་སྟོད་དུ་ཕྱི་རྒྱལ་བ་རྒྱལ་མཚམས་འཛུལ་སྒྲོལ་བྱེད་འབོར་དུས་མཚུངས་ལས་30%འཕར་བ།
ཟླ་7ཚེས་1ནས་15ཉིན་བར། ཧྲང་ཧའེ་མཐའ་མཚམས་ཞིབ་བཤེར་ལས་ཁུངས་ཀྱིས་རིམ་རྩིས་བརྒྱབ་ན་མཁའ་འགྲུལ་གྲུ་ཁའི་འགག་སྒོ་ནས་རྒྱལ་ཁོངས་སུ་ཡོང་མཁན་ཕྱི་རྒྱལ་གྱི་འགྲུལ་པ་མི་ཐེངས་ཁྲི་18.7ཞིབ་བཤེར་ཐུབ་པ་དེ་ན་ནིང་གི་དུས་མཚུངས་ལས་35.5%འཕར་ཡོད་པ་རེད། དེའི་ནང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི་9.2ཀྱིས་ཐོངས་མཆན་མི་དགོས་པའི་སྲིད་ཇུས་དང་ཆུ་ཚོད་240ཡི་རིང་ལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ལ་བརྟེན་ཏེ། ཧྲང་ཧའེ་འགག་སྒོ་ནས་རྒྱལ་ཁོངས་སུ་ཡོང་བ་དེས་རྒྱལ་ཁོངས་སུ་ཡོང་མཁན་ཕྱི་རྒྱལ་གྱི་ཡུལ་སྐོར་བའི་བསྡོམས་འབོར་གྱི་50%ཙམ་ཟིན་ཡོད་ཅིང་། འདི་ནི་སི་ཕེན་གྱི་ཡུལ་སྐོར་བས་ཧྲང་ཧའེ་ཡུས་ཡོན་ཚོང་གྲོང་དུ་དྲན་རྟེན་པར་རྒྱག་བཞིན་པ།
འབྲེལ་ཡོད་གསར་འགྱུར།