ལོ་སྟོད་དུ་ཞིང་ཆེན་དང་ས་ཁུལ་བརྒལ་བའི་གློག་ཉོ་ཚོང་དུས་མཚུངས་ལས་18.2%འཕར་བ།
གསར་འགོད་པར་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་དང་པོ་ནས་དྲུག་པའི་བར། རྒྱལ་ཡོངས་སུ་རིམ་རྩིས་བརྒྱབ་ན་གློག་ཤུགས་ཁྲོམ་རའི་གློག་ཉོ་ཚོང་བྱེད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་ཁྲི་2.95ཟིན་པ་དེ་དུས་མཚུངས་ལས་4.8%འཕར་ཡོད། དེའི་ནང་ཞིང་ཆེན་དང་ས་ཁུལ་བརྒལ་བའི་གློག་ཉོ་ཚོང་བྱེད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་6707ཟིན་པ་དེ་དུས་མཚུངས་ལས་18.2%འཕར་ཡོད་པ་རེད།
ཞིང་ཆེན་དང་ས་ཁུལ་བརྒལ་བའི་གློག་ཤུགས་ཉོ་ཚོང་ལས་ཁྱབ་ཁོངས་དེ་བས་ཆེ་བའི་ནང་གློག་ཤུགས་སྣ་ཚོགས་བརྟེན་རེས་ཐུབ་པ་དང་། གློག་ཤུགས་མཁོ་མདོན་འགན་ལེན་དེ་བས་ནུས་ལྡན་ཐུབ་ནས། ནུས་རྒྱུ་གསར་པ་ལྷག་འཕྲོ་འདྲེན་སྤྱོད་ལ་སྐུལ་འདེད་ཐེབས་ཡོད་པ་རེད།
《2024ལོའི་ལོ་འཁོར་གྱི་ཀྲུང་གོའི་གློག་ཤུགས་ཁྲོམ་རའི་འཕེལ་རྒྱས་སྙན་ཞུ》ལས་མངོན་པར། 2024ལོར་ཞིང་ཆེན་དང་ས་ཁུལ་བརྒལ་བའི་དུས་འབྲིང་རིང་གི་གློག་ཉོ་ཚོང་བྱེད་ཚད་བསྡོམས་འབོར་ཆུ་ཚོད་ཆན་ཝ་དུང་ཕྱུར་ཁྲི་1.39ཟིན་པ་དེ་དུས་མཚུངས་ལས་19.8%འཕར་ཡོད། ཞིང་ཆེན་དབར་གྱི་གློག་ཤུགས་ཉོ་ཚོང་འཁྲུག་ཏུ་ཕྱིན་པ་དང་། དེའི་ནང་ཧུའུ་པེས་གློག་མང་ཤོས་བཙོངས་པ་དེས་ཉོ་ཚོང་བསྡོམས་འབོར་གྱི་17.16%ཙམ་བཟུང་ཡོད། ཀྲེ་ཅང་དང་སི་ཁྲོན་གྱིས་གློག་མང་ཤོས་ཉོས་པ་དེས་ཉོ་ཚོང་བསྡོམས་འབོར་གྱི་34.12%དང་23.73%སོ་སོར་བཟུང་ཡོད་པ་རེད།
ས་གནས་ལ་མ་དངུལ་དོ་སྙོམས་བེད་སྤྱོད་ཡག་པོ་བྱེད་པར་སྐུལ་འདེད་བཏང་ཞིང་། ནོར་སྲིད་པུའུ་དང་ཚོང་དོན་པུའུ་སོགས་སྡེ་ཚན་དང་མཉམ་དུ་ས་གནས་ལ་ཁྱབ་ཁོངས་དང་དུས་མཚམས་དབྱེ་ནས་མ་དངུལ་བེད་སྤྱོད་འཆར་གཞི་ཞིབ་ཕྲ་བཟོ་བ་དང་ཁ་གསབ་སྤྲོད་སྟངས་ལེགས་སུ་གཏོང་བར་ལྟ་སྐུལ་བྱས་ནས། སྲིད་ཇུས་ལག་བསྟར་དེ་བས་བརྟན་ལ་གོ་རིམ་ལྡན་པ་དང་མ་དངུལ་ལོ་མཇུག་བར་དོ་སྙོམས་སྤྱོད་ཐུབ་པའི་འགན་ལེན་བྱས་ཡོད་པ་རེད།
སྲིད་ཇུས་ལག་བསྟར་ལམ་སྲོལ་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་ཞིང་། ཚོང་དོན་པུའུ་དང་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་སོགས་སྡེ་ཚན་དང་མཉམ་དུ་ཐོན་རྫས་ཀྱི་སྤུས་ཚད་དང་རིན་གོང་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞུགས་མཁན་ཁེ་ལས་ལ་ཁྲིམས་ལྟར་སྲོལ་མཐུན་གཉེར་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ། “སྔོན་འཕར་རྗེས་གསབ”དང་ཁ་གསབ་གཡོ་ལེན་སོགས་ཀྱི་ཉེན་ཁ་སྔོན་འགོག་ནན་པོ། སྲིད་ཇུས་ཚད་ལྡན་ལག་བསྟར་ཐུབ་པའི་འགན་ལེན་བཅས་བྱས་ཏེ“གསར་གཉིས”སྲིད་ཇུས་ཀྱི་ཕན་ནུས་གང་ལེགས་བཏོན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།