དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དམངས་འཚོར་འགན་སྲུང་དང་འཛད་སྤྱོད་ལ་སྐུལ་ལྕག་བྱེད་པའི་ནོར་སྲིད་སྲིད་ཇུས་ཤུགས་ཚད་ཆེ་ལ་དྲོ་སྐྱིད་ལྡན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཆུས་ཀྲེ་ཧན།   |     སྤེལ་དུས།  2025-07-28

    ཟླ་7ཚེས་25ཉིན། ནོར་སྲིད་པུས་2025ལོའི་ལོ་སྟོད་ཀྱི་ནོར་སྲིད་གཏོང་ཡོང་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད།

    ཟླ་འཁོར་གྱི་དཔྱ་ཁྲལ་ཡོང་འབབ་བསྟུད་མར་ཟླ་བ་གསུམ་གྱི་རིང་དུས་མཚུངས་ལས་རྒྱུན་མཐུད་འཕར་བ།

    ལོ་སྟོད་དུ་རྒྱལ་ཡོངས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་ཁྲི་11.56ཟིན་པ་དང་དུས་མཚུངས་ལས་0.3%ཆག་ནས་ཆག་ཚད་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས་0.8ཆུང་དུ་སོང་ཡོད། རྒྱལ་ཡོངས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་ཁྲི་14.13ཟིན་པ་དེ་དུས་མཚུངས་ལས་3.4%འཕར་ཞིང་། ད་ལོ་ནས་བཟུང་ནོར་སྲིད་འཁོར་རྒྱུག་སྤྱི་ཡོངས་ནས་བརྟན་པོ་ཡོད་པ་རེད།

    ལོ་སྟོད་དུ་དཔྱ་ཁྲལ་གྱི་ཡོང་འབབ་རིམ་བཞིན་འཕར་ཞིང་། རྒྱལ་ཡོངས་སུ་དཔྱ་ཁྲལ་ཡོང་གྱི་འབབ་སྒོར་དུང་ཕྱུར་ཁྲི་9.29ཟིན་ན་པ་དེ་དུས་མཚུངས་ལས་1.2%ཆག་ཡོད།

    ཟླ་4པ་ནས་བཟུང་ཟླ་རེའི་དཔྱ་ཁྲལ་ཡོང་འབབ་ཟླ་བ་གསུམ་བསྟུད་མར་དུས་མཚུངས་ལས་འཕར་ཡོད། ལོ་སྟོད་དུ་རྒྱལ་ནང་གི་གནས་ཐང་འཕར་ཁྲལ་དང་། རྒྱལ་ནང་གི་འཛད་སྤྱོད་དཔྱ་ཁྲལ། མི་སྒེར་གྱི་ཐོབ་ཁྲལ་སོགས་ཁྲལ་རིགས་གཙོ་བོ་བརྟན་པོའི་ངང་འཕར་བ་རེད།

    ལོ་སྟོད་དུ་ཀྲུང་དབྱང་གིས་ས་གནས་ལ་སྒོར་དུང་ཕྱུར་ཁྲི་9.29སྒྱུར་སྤྲོད་བྱས་པ་དེས་ལོ་སྟོད་སྔོན་རྩིས་ཀྱི་89.8%བཟུང་བ་དང་། གཤམ་སྤྲོད་མྱུར་ཚད་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་1.7གྱིས་མཐོ་བ་ཡོད། རྒྱལ་ཡོངས་སུ་ས་གནས་སྲིད་གཞུང་གི་སྤྱིར་བཏང་དང་ཆེད་སྤྱོད་བུན་འཛིན་སྒོར་དུང་ཕྱུར་ཁྲི་2.6གསར་དུ་བཀྲམ་ནས་ས་གནས་ཀྱི་གཙོ་གནད་ཁྱབ་ཁོངས་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཡོད། དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་མ་དངུལ་གྱི་སྔོན་རྩིས་སྒོར་དུང་ཕྱུར་6583གཤམ་སྤྲོད་བྱས་ཏེ“གལ་ཆེན་གཉིས”ཀྱི་རྣམ་གྲངས་འཛུགས་སྐྲུན་དང“གསར་གཉིས”ལས་དོན་ལ་རྒྱབ་སྐྱོར་ནུས་ལྡན་བྱས་པ་རེད།

    སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཀྱི་གཏོང་སྒོ་9.2%འཕར་བ།

    ནོར་སྲིད་པུའུ་སྤྱི་ཚོགས་འགན་སྲུང་སིའི་སི་ཀྲང་གཞོན་པ་ཀེ་ཀྲི་ཧའོ་ཡིས། ལོ་སྟོད་དུ་ནོར་སྲིད་སྡེ་ཚན་གྱིས་སྤྱི་ཚོགས་འགན་སྲུང་དེ་མུ་མཐུད་ནོར་སྲིད་གཏོང་སྒོའི་སྔོན་འཇོག་ཁྱབ་ཁོངས་སུ་མུ་མཐུད་བརྩིས་ནས་སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཀྱི་གཏོང་སྒོ་9.2%འཕར་ཡོད་ཅེས་བརྗོད་པ་རེད།

    ལས་ཞུགས་སྔོན་འཇོག་གི་འཐབ་ཇུས་ལག་བསྟར་བྱས་ཤིང་། ལས་ཤོར་དང་ལས་རྨས་འགན་བཅོལ་གྱི་འགྲོ་གྲོན་གྱི་ཚད་གཞི་མུ་མཐུད་དམའ་རུ་གཏོང་བ་དང་། ལས་ཞུགས་ལྟ་སྦྱོང་གི་ཁ་གསབ་སྔོན་ལ་སྤྲོད་པ་སོགས་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ། ཁེ་ལས་ཀྱིས་ལས་གནས་བརྟན་དུ་བཏང་སྟེ་མཐོ་སློབ་སློབ་ཐོན་སློབ་མ་སོགས་ཀྱི་ཚོགས་སྤྱི་བསྡུས་ནས་ལས་ཞུགས་ཐུབ་པར་ཁྲིད་སྟོན་བྱེད་པ། དབང་པོ་སྐྱོན་ཅན་དང་ལས་ཞུགས་མེད་པའི་ཁྱིམ་ཚང་གི་ཁོངས་མི་སོགས་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་ལས་ཞུགས་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་པ། གཞི་ཁྱོན་ཆེ་བའི་ལས་རིགས་རྩལ་ནུས་ལེགས་གཏོང་གི་གསོ་སྦྱོང་ལ་རྒྱབ་སྐྱོར་བྱེད་པ་སོགས་ད་ལོ་ཀྲུང་དབྱང་ནོར་སྲིད་སྡེ་ཚན་གྱིས་ལས་ཞུགས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་667.4གཤམ་སྤྲོད་བྱས་པ་རེད།

    གཞི་རྩའི་རྒན་གསོ་འགན་བཅོལ་གྱི་ཐོབ་ཐང་མཐོ་རུ་བཏང་ཞིང་། རྒྱལ་ཁབ་ནོར་སྲིད་སྡེ་ཚན་གྱིས་འགན་འཁུར་བའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒྱལ་ཡོངས་ཀྱི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཟླ་རེའི་ཚད་གཞི་དམའ་ཤོས་སླར་ཡང་སྒོར་20མཐོ་རུ་བཏང་བ་དང་། ཀྲུང་དབྱང་ནོར་སྲིད་སྡེ་ཚན་གྱིས་མ་དངུལ་ཁ་གསབ་བྱེད་ཤུགས་ཆེ་རུ་བཏང་བ་དང་འབྲེལ་རྒན་གསོའི་འགན་བཅོལ་ལ་རྒྱལ་ཡོངས་ནས་སྤྱི་འདོམས་ལེགས་སྒྲིག་ཀྱང་བྱས་པ་རེད།

    སྨན་བཅོས་འགན་སྲུང་གི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ཞིང་། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་གྲོན་དངུལ་གྱི་མི་རེའི་ཆ་སྙོམས་ནོར་སྲིད་ཁ་གསབ་ཀྱི་ཚད་གཞི་སྒོར་5རེ་མཐོ་རུ་བཏང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་མི་རེའི་ཆ་སྙོམས་ནོར་སྲིད་ཁ་གསབ་ཀྱི་ཚད་གཞི་སྒོར་30མང་དུ་བཏང་བ་སོགས་ད་ལོ་ཀྲུང་དབྱང་ནོར་སྲིད་སྡེ་ཚན་གྱིས་འབྲེལ་ཡོད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་5522གཤམ་སྤྲོད་བྱས་པ་རེད།

    མངོན་མེད་བུ་ལོན་བརྗེ་ལེན་གྱི་ཕན་འབྲས་རིམ་བཞིན་མངོན་པ།

    ན་ནིང་གི་ལོ་མཇུག་ཏུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་བསམ་འཆར་བཀྲམ་ནས་ས་གནས་སྲིད་གཞུང་གི་ཆེད་སྤྱོད་བུན་འཛིན་དོ་དམ་ལམ་སྲོལ་ལེགས་སྒྱུར་དང་འཐུས་སྒོ་ཚང་དུ་བཏང་བ་དང་། ད་ལོའི་ལོ་སྟོད་དུ་འབྲེལ་ཡོད་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་པར་ཕན་འབྲས་མངོན་ཡོད་པ་རེད།

    ཆེད་སྤྱོད་བུན་འཛིན་འགྲེམས་སྤེལ་དང་བཀོལ་སྤྱོད་ཀྱི་མྱུར་ཚད་མངོན་གསལ་དོད་པོས་མགྱོགས་སུ་ཕྱིན་ཞིང་། ཞིང་ཆེན་10དང་དེ་བཞིན་ཞུང་ཨན་ཁུལ་གསར་དུ་ཆེད་སྤྱོད་བུན་འཛིན་རྣམ་གྲངས“རང་བཤེར་རང་སྤེལ”ཚོད་ལྟ་བྱས་པ་དང་། “རང་བཤེར་རང་སྤེལ”མིན་པའི་ཚོད་ལྟའི་ས་ཁུལ་དུ་འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས་ལ་ཆེད་སྤྱོད་བུན་འཛིན་མུ་མཐུད་འགྲེམས་སྤེལ་གྱི“ཐོགས་མེད་བགྲོད་ལམ”བཏོད་དེ་ཆེད་སྤྱོད་བུན་འཛིན་གྱི་མ་དངུལ་འགྲེམས་སྤེལ་དང་བེད་སྤྱོད་ཀྱི་ལས་ཆོད་ཆེ་རུ་བཏང་ཡོད། ད་ལོའི་ལོ་སྟོད་དུ་རྒྱལ་ཡོངས་སུ་ས་གནས་སྲིད་གཞུང་གི་ཆེད་སྤྱོད་བུན་འཛིན་སྒོར་དུང་ཕྱུར་ཁྲི་2.16གསར་དུ་འགྲེམས་སྤེལ་བྱས་པ་དེ་དུས་མཚུངས་ལས་45%འཕར་བ་རེད།

    རྒྱལ་བུན་འགྲེམས་སྤེལ་བྱས་ཚུལ་ལ་ཁྲོམ་རས་ཚད་མཐོའི་དོ་ཁུར་བྱས་ཤིང་། ནོར་སྲིད་པུའི་རྒྱལ་མཛོད་གཏོང་སྤྲོད་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཐང་ལུང་ཧྲེང་གིས། “སྔར་བས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ཀྱིས་རྒྱུན་མཐུད་ཤུགས་འདོན་དང་དེར་སྔར་བས་ཕན་འབྲས་ཐོན་པར་འགན་སྲུང་བྱ་ཆེད། ད་ལོ་རྒྱལ་བུན་འགྲེམས་སྤེལ་བྱེད་ཚད་དེར་སྔར་བས་ཆེ་རུ་བཏང་ཡོད། ལོ་སྟོད་དུ་རྒྱལ་བུན་ཁྱོན་སྒོར་དུང་ཕྱུར་ཁྲི་7.88འགྲེམས་སྤེལ་བྱས་པ་དེ་དུས་མཚུངས་ལས་35.28%འཕར་བ་དང་། དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་ཁྱོན་སྒོར་དུང་ཕྱུར་5550འགྲེམས་སྤེལ་བྱས་པ་དང་འགྲེམས་སྤེལ་བྱེད་ཚད་ན་ནིང་གི་དུས་མཚུངས་ཀྱི་མྱུར་ཚད་ལས་བརྒྱ་ཆའི་གྲངས་18ཀྱིས་མགྱོགས་སུ་ཕྱིན་ཡོད”ཅེས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།