ཀྲུང་ལོའི་ལྕགས་ལམ་ཁུན་མིང་ནས་ཝན་ཐེན་བར་གྱི་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་མང་དུ་བཏང་བ།
ཟླ་7ཚེས་18ཉིན་ནས་བཟུང་། ཀྲུང་ལོའི་ལྕགས་ལམ་གྱི་ཁུན་མིང་དང་ཝན་ཐེན་བར་ལ་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་ཆ་གཅིག་མང་དུ་བཏང་ཡོད། མང་དུ་བཏང་བའི་མེ་འཁོར་དེར་སྒུལ་ཤུགས་གཅིག་སྡུད་ཀྱི“བསྐྱར་དར་རྟགས་ཅན”གྱི་ཤུགས་འགྲེམས་མེ་འཁོར་བེད་སྤྱོད་བྱས་པ་དང་། མྱུར་ཚད་མགྱོགས་ཤོས་ཆུ་ཚོད་རེར་སྤྱི་ལེ་160ཟིན་པ། ཉིན་ལྟར་ཕར་ཚུར་འགྲོ་འོང་ཐེངས་1བྱེད་ཀྱི་ཡོད། དུས་དེ་ནས་བཟུང་ཁུན་མིང་དང་ཝན་ཐེན་བར་ཉིན་རེར་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་གཏོང་གྲངས་4བར་མང་དུ་ཕྱིན་ཡོད། 2023ལོའི་ཟླ་4ཚེས་13ཉིན། ཀྲུང་ལོའི་ལྕགས་ལམ་ཐོག་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་གཏོང་འགོ་ཚུགས་ཤིང་། ཁུན་མིང་འབབ་ཚུགས་ལྷོ་མ་དང་ཝན་ཐེན་འབབ་ཚུགས་སུ་ཉིན་རེར་ཕར་ཚུར་མེ་འཁོར་ཐེངས་1གཏོང་གི་ཡོད། ད་ལོའི་ཟླ་7ཚེས་15ཉིན་བར་ཀྲུང་ལོའི་ལྕགས་ལམ་གྱི་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་གྱིས་རྒྱལ་སྒྲོལ་འགྲུལ་པ་མི་ཐེངས་ཁྲི་54སྐྱེལ་འདྲེན་བྱས་པ་བརྒྱུད། ལྕགས་ལམ་དེ་ཉིད་ཀྲུང་ལོ་རྒྱལ་ཁབ་གཉིས་པོ་དང་དེ་བཞིན་མཐའ་འཁོར་གྱི་རྒྱལ་ཁབ་དང་ས་ཁུལ་དུ་འགྲོ་སྐྱོད་བདེ་བའི་བགྲོད་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།
འདི་ནི་ཉེ་ཆར། མང་དུ་བཏང་བའི་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་གཏོང་ཐེངས་D86དེ་ཀྲུང་ལོའི་ལྕགས་ལམ་གྱི་ཡོན་ཅང་ལམ་གཉིས་ཟམ་ཆེན་ཐོག་སྐྱོད་བཞིན་པ།
འབྲེལ་ཡོད་གསར་འགྱུར།