དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཟི་ལིང་གི་མི་རིགས་ཁག་གི་མང་ཚོགས་ཀྱིས་ལུས་རྩལ་འགྲན་བསྡུར་ཁྲོད“མཉམ་འདྲེས་གསུམ”ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-28

    མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས་ལུས་རྩལ་འགྲན་བསྡུར་འཇུག་སྒོར་བྱེད་པ་དང“ཞིང་ལས་དང་། ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས”བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། ད་ལོའི་ཟླ་7ཚེས་8ཉིན་བར་འགྲན་བསྡུར་བྱེད་སྒོ་ཐེངས་40ལྷག་ཙམ་གཉེར་བར། མི་ཐེངས་ཁྲི་10ལྷག་ཙམ་འགྲན་བསྡུར་ནང་ཞུགས་པ་དང་དེའི་ནང་ཞིང་ཆེན་གཞན་ནས་ཡོང་བའི་མི་ཐེངས་5000ཙམ་ཟིན་པ་དང་། རྒྱུན་དུ་ལུས་རྩལ་སྦྱོང་བརྡར་བྱེད་མཁན་གྱིས་བསྡུར་ཚད་ཀྱི་38.5%བཟུང་ཡོད། འགྲན་བསྡུར་ལས་ཁྱོན་དཔལ་འབྱོར་ཡོང་འབབ་སྒོར་3000ལྷག་ཙམ་བྱུང་བ་དང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་ཐེབས་ཡོད།

    འགྲན་བསྡུར་ལས་ཡོང་འབབ་གང་མང་གཏོད་ཕྱིར། ཟི་ལིང་གིས་ཐོན་ཁུངས་ནང་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས་ཟི་ལིང་ཝན་ཏ་ཚོང་ལས་དོ་དམ་ཀུང་སི་སོགས་ཁེ་ལས་དང་2025ལོའི་ལོ་འཁོར་གྱི་ལུས་རྩལ་འགྲན་བསྡུར་གྱི་མཉམ་ལས་འཐབ་ཇུས་གྲོས་མཐུན་ལ་མིང་རྟགས་བཀོད་དེ། “འགྲན་བསྡུར་མཛེས་ལྗོངས་ཁུལ་དང་། ཁྲོམ་གཞུང་། ཚོང་ཁྲོམ་བཅས་སུ་ཁྱབ་གདལ་གཏོང་བའི”མ་ལག་བཙུགས་ནས་དབྱིངས་ཞུགས་ཉམས་ལེན་གྱི་འཛད་སྤྱོད་ཀྱི་རྣམ་པ་བཏོད་ཡོད། ཟི་ལིང་ས་ཁུལ་གྱི་གནམ་ལོ་གསར་ཚེས་ཀྱི་གྲོང་སྐོར་འགྲན་བསྡུར་སྐབས་ང་གཉིས་པ་དང“ཞིང་ལས་དངུལ་ཁང·མཚོ་ཐང་གྲོང་ཁྱེར་བུམ་པའི”ཟི་ལིང་གི་རྒྱལ་སྤྱིའི་རྐང་ཐང་འདུ་ཚོགས་སྐབས་དང་པོ་སོགས་མང་ཚོགས་ཀྱི་འགྲན་བསྡུར་གྱིས་ལུས་རྩལ་དེ་རྒྱུན་གཏན་གྱི་འཚོ་བར་མཉམ་འདྲེས་ཐུབ་པ་བྱས་ནས་འཛད་སྤྱོད་ལ་སྐུལ་འདེད་བཏང་ཡོད། “མཚོ་BA”ལན་ཆིའུ་སྤོ་ལོའི་རིམ་མཚུངས་མཉམ་འགྲན་དང་གངས་གཟིག་བུམ་པའི་དབྱུག་རྩེད་སྤོ་ལོའི་ཡོངས་བསྒྲགས་འགྲན་བསྡུར་སོགས་བྱེད་སྒོ་སྤེལ་ནས“ཞིང་ལས་དང་། ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས”བཅས་ལས་རིགས་མང་པོ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་བྱེད་སྒོར་ཞུགས་པའི་སྤྲོ་སེམས་འཕེལ་བར་བྱས་ཡོད།

    “དབྱར་གྲོང་ཟི་ལིང”གི་ལེགས་ཆར་བརྟེན་ནས་ཟི་ལིང་གིས་ལུས་གསོའི་རྐང་འཁོར་བཞོན་པ་དང་རྐང་ཐང་དུ་འགྲོ་བའི་ལམ་ཐིག་9བཏོད་པ་དང་། “འགྲན་བསྡུར་ཞོར་དུ་ཡུལ་སྐོར་ལ་སྐྱོད་པའི”བྱེད་སྒོ་སྤེལ་ནས་མཚོ་བོད་ས་མཐོའི་ལུས་གསོ་ལྟེ་གནས་དང་གྲོང་ཁྱེར་དབུས་ཁུལ་གྱི་དཔེ་ཁང་སོགས་ཁྱད་ལྡན་ས་ཚིགས་འབྲེལ་མཐུད་བྱས་ཡོད། མིག་སྔར། ཟི་ལིང་གྲོང་ཁྱེར“རྒྱལ་ཡོངས་ཀྱི་ལུས་རྩལ་ཡུལ་སྐོར་སྤུས་རྟགས་ཀྱི་དམིགས་སའི་ཁུལ་རྩེ་གྲ་བཅུ”ལ་ཐེངས་གསུམ་བསྟུད་མར་བདམས་པ་མ་ཟད། མཚོ་སྔོན·སྐུ་འབུམ་ཁུན་ལུན་དྲག་རྩལ་འགྲན་བསྡུར་ཆེ་མོ་དང་ཟི་ལིང་ལམ་ཕྱེད་མར་སུན་འགྲན་རྒྱུག་སོགས་རྣམ་གྲངས་ལ་རྒྱལ་ཁབ་རིམ་པའི་གཟི་བརྗིད་མཚན་སྙན་ཐོབ་སྟེ། “ས་ཁོངས་ཧྲིལ་པོ་དང་། དུས་ཚིགས་ཧྲིལ་པོ། གཞི་རྒྱུ་ཧྲིལ་པོ”བཅས་ཀྱི་འཕེལ་རྒྱས་ལས་རྣམ་རིམ་གྱིས་གྲུབ་པ་དང་། གྲོང་ཁྱེར་གྱི་མིང་གྲགས་མུ་མཐུད་ཆེ་རུ་ཕྱིན་ཞིང་། ལུས་རྩལ་གྱི་ཁེ་སྤོགས་མཉམ་སྤྱོད་ལས་མི་རིགས་ཁག་གི་མང་ཚོགས་ཀྱི་བརྩེ་སེམས་དེ་བས་ཟབ་ཏུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།