དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • 2025ལོའི་ཀྲུང་གོའི་ལུས་སྦྱོང་སྒོར་གཞས་འགྲན་བསྡུར་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་དུ་གཉེར་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-28

    ཉེ་ཆར། 2025ལོའི་ཀྲུང་གོའི་ལུས་སྦྱོང་སྒོར་གཞས་འགྲན་བསྡུར་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་དུ་འགོ་ཚུགས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་ནང་བོད་ལྗོངས་དང་། ཧྲང་ཧའེ། ཀྲེ་ཅང་། མཚོ་སྔོན། སི་ཁྲོན། ཉིང་ཞ་སོགས་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)ནས་ཡོང་བའི་ཕུལ་བྱུང་རུ་ཁག་19ཡི་རུ་མི་350ཞུགས་ཡོད།

    སྒོར་གཞས་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། དེས་བོད་མི་རིགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་དགའ་ཞེན་བྱེད་ལུགས་མཚོན་པས། “མཐུན་སྒྲིལ་དང་། དགའ་སྤྲོ། འབད་འབུངས་མདུན་སྐྱོད”བཅས་ཀྱི་བསམ་པའི་སྟོབས་ཤུགས་བརྒྱུད་སྤྲོད་བྱེད་ཀྱི་ཡོད། དུས་ཡུན་ཉིན་2ཀྱི་འགྲན་བསྡུར་རིང་འགྲན་ཞུགས་རུ་ཁག་19ཡི་གསོན་ཤུགས་ཀྱིས་ཁེངས་ཤིང་། བྱང་ཆུབ་པའི་གར་སྟབས་ལ་ས་ཡུལ་དངོས་ཀྱི་ལྟད་མོ་བའི་དགའ་བསུ་ཡང་ཡང་ཐོབ་ཅིང་། འདི་ནི་སྒོར་གཞས་འགྲན་བསྡུར་བྱ་ཡུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།