དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་སྒོ་དབྱེའི་སློབ་ཆེན་གྱིས་ཕྱོགས་མང་པོའི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་སྒོ་དབྱེའི་སློབ་གསོའི་འབྱུང་འགྱུར་མཉམ་དུ་གླེང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-28

    ཉིན་ཤས་གོང་། མཚོ་སྔོན་སྒོ་དབྱེའི་སློབ་ཆེན་གྱིས་2025ལོའི་ལོ་འཁོར་གྱི་དབྱར་གསེང་གི་སློབ་ཆུང་དུས་ཀྱི་རིག་གཞུང་སྤེལ་རེས་བྱེད་སྒོ་སྤེལ་ཞིང་། ཁ་གཏད་རོགས་སྐྱོར་བྱེད་མཁན་སྒོ་དབྱེའི་སློབ་ཆེན་དང་རོགས་སྐྱོར་བྱ་ཡུལ་སྒོ་དབྱེའི་སློབ་ཆེན་གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་མཉམ་དུ་འཛོམས་ཏེ“གྲངས་རིག་གིས་ཁ་གཏད་རོགས་སྐྱོར་ལ་མཐུན་རྐྱེན་སྦྱར་ནས་སྒོ་དབྱེའི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་མཉམ་དུ་འགོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་སྒོ་དབྱེའི་སློབ་གསོའི་འབྱུང་འགྱུར་མཉམ་དུ་གླེང་བ་རེད།

    བྱེད་སྒོ་སྤེལ་རིང་། གྲངས་རིག་གིས་ཁ་གཏད་རོགས་སྐྱོར་ལ་མཐུན་རྐྱེན་སྦྱོར་བ་གཙོ་རྐང་དུ་བྱས་ཏེ། སྒོ་དབྱེའི་སློབ་གསོ་མཉམ་ལས་འཕེལ་རྒྱས་གཏོང་སྟངས་གསར་པ་གསར་གཏོད་འཛུགས་སྐྱོང་བྱས་ཤིང་། “ཕན་ཚུན་རོགས་རམ་དང་ཕན་ཚུན་སློབ་སྦྱོང”བྱེད་པའི་རྣམ་པ་བཟང་པོ་གཏོད་དེ། སྒོ་དབྱེའི་སློབ་ཆེན་ཁག་དབར་སྤེལ་རེས་གཏིང་ཟབ་དང་མཉམ་ལས་མཉམ་སྦྲེལ་བྱེད་ཤུགས་ཆེ་རུ་བཏང་བ་དང་། སློབ་གསོའི་འདུ་ཤེས་གསར་ཤོས་དང་། གྲུབ་འབྲས་ཐོབ་པའི་ཉམས་མྱོང་། དེ་བཞིན་ཞིབ་འཇུག་གི་འབྲས་བུ་བཅས་མཉམ་སྤྱོད་བྱེད་པར་སྐུལ་འདེད་བཏང་སྟེ། སྒོ་དབྱེའི་སློབ་གསོ་གཞི་གཅིག་ཅན་དང་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་ལས་སྟེགས་ཡག་པོ་བསྐྲུན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།