བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་གིས་མང་ཚོགས་རང་བཞིན་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ལོ་ངོ་60ཡི་འཕོ་འགྱུར་ཆེན་པོ་མངོན་པར་བྱས་པ།
བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་ཆེད། བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་གིས“རྟེན་འབྲེལ་ཆེན་མོ་བསུ། ཏང་གི་དྲིན་ལ་བསྟོད། མཉམ་དུ་འབད་འབུངས་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་མང་ཚོགས་རང་བཞིན་གྱི་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་ཞིབ་ཚགས་ཀྱིས་སྣ་མང་ཕུན་སུམ་ཚོགས་པའི་རྣམ་པར་བརྟེན་ནས་འཕེལ་རྒྱས་དང་འཕོ་འགྱུར་མངོན་པ་དང་འབད་འབུངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ། ཏང་གི་བཀའ་དྲིན་ཚོར་བ་དང་ཐུན་མོང་ཐོག་འཕེལ་རྒྱས་གླེང་བའི་ཁྲོད་དུ་རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཞུགས་ནས་དགའ་སྤྲོ་འཆམ་མཐུན་དང་མཐུན་སྒྲིལ་འབད་འབུངས་ཀྱི་རྣམ་པ་ཟབ་མོ་བཏོད་ཡོད།
ད་ལོ་ཚུན་དུ་ཤན་རྩ་རྫོང་གིས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་ཐབས་བརྒྱུད་སྲིད་ཇུས་དང་འགྱུར་ལྡོག་གླེང་བ་དང་། སྲོལ་གསར་འཛུགས་པ། འབྱུང་འགྱུར་གླེང་བ་བཅས་བྱས་ཡོད། “ཨ་ཁུ་འབྲོག་པའི”རིགས་པའི་གཞུང་ལུགས་སྒྲོག་འགྲེལ་བྱ་ཡུལ་དུ་ཏང་ཡོན་རྒན་གྲས་ཀྱིས་ཡུལ་སྐད་ཐོག་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་འགྲེལ་བཤད་རྒྱག་པ་དང་ཉེ་འགྲམ་གྱི་འགྱུར་ལྡོག་དང་ཟུང་འབྲེལ་བྱས་ནས་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་བྱས་པས། མང་ཚོགས་ཀྱིས་སྤྲོ་སྣང་ཆེན་པོས་ཉན་པ་དང་། “གྲོང་དོན་བསྒྲགས་བཤད”ནང་ལས་བྱེད་པ་དང་མང་ཚོགས་ཚོས་ཁྱུག་དབྱིངས་བརྒྱུད་བརྙན་ཐུང་བསྐུར་ནས་སྨན་བཅོས་འགན་བཅོལ་རྩིས་ཞུ་བྱེད་སྟངས་དང་རྒན་གསོའི་སྲིད་ཇུས་ལ་འགྲེལ་བཤད་བརྒྱབ་པ། “རྒྱལ་གངས་ལྷ་མོའི་སྤྲིན་རུམ་སྒྲོག་འགྲེལ་ས་ཚིགས”ཀྱིས་དྲ་ཐོག་ལས་སྟེགས་བརྒྱུད་འབྲོག་པའི་སྦྲ་གུར་ནང་སྲིད་ཇུས་སྒྲོག་འགྲེལ་བྱས་པ། “སྦག་སྦག་སྒྲོག་འགྲེལ་རུ་ཁག”འབྲོག་ཁུལ་གང་སར་བསྐྱོད་དེ་ཏང་གི་གསུང་སྒྲ་རྩྭ་ཐང་གི་འབྲོག་དུད་ཚང་མར་ཁྱབ་པར་བྱས་པ། “རྩྭ་ཐང་སློབ་ཁང”དང“རྩྭ་ཐང་གི་སྦྲ་གུར་སྒྲོག་འགྲེལ་ཆུང་གྲས”སོགས་ལ་དགའ་བསུ་ཆེན་པོ་ཐོབ་པ་དང་། མང་ཚོགས་ཚོས་ཅི་འཕྲོས་མོལ་འཕྲོས་བྱེད་པ་དང་སྒྲུང་གཏམ་ཉན་པའི་ཁྲོད་ནས“ཕན་པ་གང་དུ་ཡོད་པ་དང་བཀའ་དྲིན་སུ་ལ་འཇལ་དགོས་པ”གསལ་པོར་ཤེས་ནས“ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ”བཅས་ཀྱི་བསམ་བློའི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་བ་རེད།
“ཤན་རྩ་རྫོང་གི་མང་ཚོགས་རང་བཞིན་གྱི་བྱེད་སྒོ་རབ་དང་རིམ་པས་ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བྱེད་པ་དང་རིམ་ཁག་ཏང་རྩ་འཛུགས་ཀྱིས་རང་འགུལ་ངང་བྱ་སྤྱོད་སྤེལ་ནས་བྱེད་སྒོ་དེ་གཞི་རིམ་བཅོས་སྐྱོང་དང་ཐོན་ལས་འཕེལ་རྒྱས་དང་མཉམ་འདྲེས་གཏིང་ཟབ་ཀྱིས་རྫོང་ཡོངས་ཀྱི་ཏང་རྩ་འཛུགས་དང་ཏང་ཡོན་མང་ཚོགས་ལ་ཁྱབ་པར་བྱས་ཡོད། མི་རིགས་ཁག་གི་མང་ཚོགས་མཉམ་དུ་ཞུགས་པའི་ཁྲོད་མཐུན་སྒྲིལ་ཟབ་གཏོང་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་སྤྲོ་སེམས་འཁོལ་པོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལག་ལེན་ནང་ཞུགས་ཏེ། བློ་སེམས་གཅིག་མཐུན་གྱིས་རྒྱང་ལམ་གསར་པར་བསྐྱོད་ནས་བྱ་སྤྱོད་དངོས་ལ་བརྟེན་ཏེ་རྟེན་འབྲེལ་ཆེ་མོར་ཕྱག་རྟགས་ཕུལ་བ་དང་མེས་རྒྱལ་ལ་སྨོན་འདུན་བཟང་པོ་ཞུ་བཞིན་ཡོད”ཅེས་ཤན་རྩ་རྫོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལིའུ་ཡན་ཞང་གིས་ངོ་སྤྲོད་བྱས།
བསྡོམས་རྩིས་ལ་གཞིགས་ན། ད་ལོ་ཚུན་དུ་ཤན་རྩ་རྫོང་གིས་རིམ་སྤེལ་བྱེད་སྒོ་ཐེངས་690ལྷག་ཙམ་སྤེལ་བ་དེ་ཤང་དང་གྲོང་རྡལ་དང་། གྲོང་ཚོ་དང་གྲོང་ལྷན་ཚང་མར་ཁྱབ་པ་དང་། འགྲན་བསྡུར་ནང་ཞུགས་མཁན་མང་ཚོགས་མི་ཐེངས་8000ལྷག་ཙམ་ཟིན་པ། བྱེད་སྒོར་ཞུགས་མཁན་མང་ཚོགས་མི་ཐེངས་ཁྲི་4.5ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།