དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འདི་ལོའི་སྒོར་དུང་ཕྱུར་690ཟིན་པའི་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་མ་དངུལ་ཁག་གསུམ་པ་གཤམ་སྤྲོད་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-28

    ཉེ་ཆར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ནོར་སྲིད་པུའུ་དང་མཉམ་དུ་ས་གནས་ལ་འདི་ལོའི་སྒོར་དུང་ཕྱུར་690ཡི་དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་གྱི་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་མ་དངུལ་ཁག་གསུམ་པ་གཤམ་སྤྲོད་བྱས་པ་རེད།

    འདི་ལོ་ཚུན་དུ། དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་མ་དངུལ་གོ་རིམ་ལྡན་པའི་སྒོ་ནས་གཤམ་སྤྲོད་བྱས་ཏེ་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་ལས་དོན་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད། ཟླ་7ཚེས་16ཉིན་བར། རྒྱལ་ཡོངས་སུ་ཁྱོན་བསྡོམས་མི་ཐེངས་དུང་ཕྱུར་2.8ཀྱིས་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་ཁ་གསབ་རེ་ཞུ་བྱས་ནས། འབྲེལ་ཡོད་ཚོང་ཟོག་བྲིན་ཚོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི་1.6ལས་བརྒལ་བར་སྐུལ་ཁྲིད་ཐུབ་ཡོད། ལོ་སྟོད་དུ་བཅད་གྲངས་ཡན་གྱི་ཚན་པའི་ཁྱིམ་སྤྱོད་གློག་ཆས་དང་སྒྲ་བརྙན་ཡོ་ཆས། རིག་གནས་དང་གཞུང་ལས་ཡོ་ཆས། འཕྲིན་གཏོང་ཡོ་ཆས། ཁྱིམ་ཆས་བཅས་ཀྱི་ཚོང་ཟོག་སིལ་ཚོང་བྱེད་ཚད་དུས་མཚུངས་ལས་30.7%དང་། 25.4% 24.1% 22.9%བཅས་སོ་སོར་འཕར་བ་དང་། འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་སིལ་ཚོང་བྱེད་ཚད་10.8%འཕར་བ། སྤྱི་ཚོགས་ཀྱི་འཛད་ཟོག་སིལ་ཚོང་བསྡོམས་འབོར་དུས་མཚུངས་ལས་5%འཕར་བ་དེ་ན་ནིང་གི་ལོ་ཧྲིལ་པོའི་བརྒྱ་ཆའི་གྲངས་ལས་1.5ཡིས་མཐོ་བ་ཡོད་པ་རེད།

    གོམ་སྟབས་རྗེས་མར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་སྤྱི་འདོམས་མཐུན་སྦྱོར་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། རྗེས་འདེད་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ། ལག་བསྟར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་ལས་དོན་བརྟན་པོ་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུ་རེད།

    ཀྲུང་དབྱང་གི་མ་དངུལ་མུ་མཐུད་གོ་རིམ་ལྡན་པའི་སྒོ་ནས་གཤམ་སྤྲོད་བྱ་རྒྱུ་ཡིན་ཞིང་། འཆར་གཞི་ལྟར་ན། ཟླ་10པར་འདི་ལོའི་སྒོར་དུང་ཕྱུར་690ཡི་དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་གྱི་མ་དངུལ་ཁག་བཞི་པ་གཤམ་སྤྲོད་བྱས་ཏེ། ས་གནས་ཀྱིས་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ལག་བསྟར་བྱེད་པར་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།