དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གློག་ཤུགས་འཛད་སྤྱོད་འཕར་ཚུལ་མངོན་གསལ་དོད་པ།

    ཟླ་6པར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་དུས་མཚུངས་ལས་5.4%འཕར་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-27

    གསར་འགོད་པར་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་6པར་སྤྱི་ཚོགས་ཡོངས་སུ་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་8670ཟིན་པ་དེ་དུས་མཚུངས་ལས་5.4%འཕར་ཡོད། དེའི་ནང་ཐོན་ལས་དང་པོར་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་133ཟིན་པ་དེ་དུས་མཚུངས་ལས་4.9%འཕར་བ་དང་། ཐོན་ལས་གཉིས་པར་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་5488ཟིན་པ་དེ་དུས་མཚུངས་ལས་3.2%འཕར་བ། ཐོན་ལས་གསུམ་པར་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1758ཟིན་པ་དེ་དུས་མཚུངས་ལས་9.0%འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བར་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1291ཟིན་པ་དེ་དུས་མཚུངས་ལས་10.8%འཕར་ཡོད། ལོ་སྟོད་དུ་སྤྱི་ཚོགས་ཡོངས་སུ་གློག་སྤྱོད་ཚད་རིམ་རྩིས་བརྒྱབ་ན་ཆུ་ཚོད་ཆན་ཝ་དུང་ཕྱུར་48418ཟིན་པ་དེ་དུས་མཚུངས་ལས་3.7%འཕར་ཡོད།

    ཀྲུང་གོ་གློག་ཤུགས་ཁེ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲངས་གཞི་ལས་མངོན་པར། གློག་ཤུགས་འཛད་སྤྱོད་ཐད་བསྐྱར་འཕར་མངོན་གསལ་དོད་པོ་བྱུང་ཞིང་། ལོ་སྟོད་དུ་ཐོན་ལས་གཉིས་པའི་གློག་སྤྱོད་ཚད་མུ་མཐུད་འཕར་བ་དང་ལག་རྩལ་མཐོ་གྲས་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་གློག་སྤྱོད་འཕར་ཚད་བལྟོས་བཅས་ཀྱིས་སྔོན་དུ་སླེབས་ཡོད་པ་རེད། དེའི་ནང་རླངས་འཁོར་བཟོ་སྐྲུན་ལས་རིགས་དང་། རྒྱུན་སྤྱོད་སྒྲིག་ཆས་བཟོ་སྐྲུན་ལས་རིགས། ཆེད་སྤྱོད་སྒྲིག་ཆས་བཟོ་སྐྲུན་ལས་རིགས། དཔྱད་ཆས་བཟོ་སྐྲུན་ལས་རིགས་བཅས་ཀྱི་གློག་སྤྱོད་འཕར་ཚད་5%ལྷག་ཙམ་ཟིན་ཡོད། ནུས་རྒྱུ་གསར་པའི་རླངས་འཁོར་ཧྲིལ་པོའི་བཟོ་སྐྲུན་ལས་རིགས་མུ་མཐུད་མགྱོགས་མྱུར་འཕར་ནས་གློག་སྤྱོད་ཚད་དུས་མཚུངས་ལས་28.7%འཕར་ཡོད།

    ཐོན་ལས་གསུམ་པའི་གློག་སྤྱོད་ཚད་མུ་མཐུད་མགྱོགས་མྱུར་འཕར་ཞིང་། ལོ་སྟོད་དུ་སྒུལ་བདེའི་དྲ་སྦྲེལ་དང་། གྲངས་གཞི་ཆེན་མོ། སྤྲིན་རྩིས་སོགས་མགྱོགས་མྱུར་འཕེལ་རྒྱས་བྱུང་བའི་སྐུལ་ཁྲིད་འོག དྲ་སྦྲེལ་དང་འབྲེལ་ཡོད་ཞབས་ཞུའི་ལས་རིགས་ཀྱི་གློག་སྤྱོད་ཚད་དུས་མཚུངས་ལས་27.4%འཕར་ཡོད། སྡེབ་ཚོང་དང་སིལ་ཚོང་ལས་རིགས་ཀྱི་གློག་སྤྱོད་ཚད་དུས་མཚུངས་ལས་11.4%འཕར་ཡོད། དེའི་ནང་གློག་གསོག་གློག་བརྗེའི་ཞབས་ཞུའི་ལས་རིགས་ཀྱི་གློག་སྤྱོད་ཚད་དུས་མཚུངས་ལས་42.4%འཕར་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།